ཁོ་སི་ཐཱ་རེ་ཁཱ་དང་ཝེ་ནེ་ཙུའེ་ལཱ་ཡིས་གཞུང་ཚབ་འབྲེལ་བའི་གྲོས་མོལ་སླར་གསོ་བྱས། 
2023.01.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 44

ཁོ་སི་ཐཱ་རེ་ཁཱའི་ཕྱི་འབྲེལ་བློན་ཆེན་ཨན་ཏི་ལེ་ཡིས་ཚེས་ཉེར་ལྔ་ཉིན་ཁྱབ་བསྒྲགས་བྱས་དོན། ཁོ་སི་ཐཱ་རེ་ཁཱ་དང་ཝེ་ནེ་ཙུའེ་ལཱ་ཡིས་གཞུང་ཚབ་འབྲེལ་བའི་གྲོས་མོལ་སླར་གསོ་བྱས་ཡོད་ཟེར། 

ཨན་ཏི་ལེ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་གི་སྟེང་བསྟན་དོན། ཁོ་སི་ཐཱ་རེ་ཁཱ་དང་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་གཉིས་ཀྱི་འཐུས་མིས་ཨ་ཀིན་ཐིན་གྱི་རྒྱལ་ས་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་ཡིས་ཉེ་སྔོན་སྤེལ་བའི་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཐུན་མོང་ཚོགས་པའི་སྐབས་བདུན་པའི་མཐོ་རིམ་གྲོས་ཚོགས་སྐབས་སུ། གཞུང་ཚབ་འབྲེལ་བ་ཁོ་ན་སླར་གསོ་བྱེད་པའི་གྲོས་མོལ་མགོ་བརྩམས། 

ཨན་ཏི་ལེ་ཡིས་བཤད་རྒྱུར། གལ་ཏེ་ཝེ་ནེ་ཙུའེ་ལཱའི་བཀའ་དབྱེ་ཏའོ་གནས་སྐབས་སྲིད་གཞུང་མེད་པར་བཏང་ནས། ཁོ་སི་ཐཱ་རེ་ཁཱའི་སྲིད་གཞུང་དང་མཱ་ཏུའུ་ལོ་སྲིད་གཞུང་གིས་གཞུང་ཚབ་འབྲེལ་བ་རྒྱུན་ལྡན་དུ་གྱུར་བ་མངོན་འགྱུར་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་ཕ་རོལ་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་གཞུང་ཚབ་ཞབས་ཞུ་ཐོབ་པར་བྱེད་རྒྱུ་ཡིན་ཟེར། 

ཁོ་སི་ཐཱ་རེ་ཁཱའི་ཙུང་ཐུང་ཁྲ་ཝེ་སི་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་གི་སྟེང་བསྟན་དོན། ཁོ་སི་ཐཱ་རེ་ཁཱ་ཡིས་ཝེ་ནེ་ཙུའེ་ལཱར་བཟུང་བའི་ཕྱི་འབྲེལ་ལངས་ཕྱོགས་འགྱུར་མེད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།