ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ས་ཁུལ་དུ་འགས་གཏོར་དོན་རྐྱེན་ལས་ཉུང་མཐར་ཡང་ཉེར་བདུན་རྐྱེན་ལམ་དུ་ཤོར། 
2023.01.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་དྲུག་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ཀྱི་ནཱ་སཱ་ལཱ་ཝ་མངའ་སྡེའི་སྡེ་བ་ཞིག་ཏུ་ཉེ་སྔོན་འགས་གཏོར་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་ཕྱུགས་ལས་བ་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག 

ནཱ་སཱ་ལཱ་ཝ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ནན་ཙེ་ཨར་གྱིས་ཉིན་དེར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཚེས་ཉེར་བཞི་ཉིན་གྱི་དགོང་མོར་ནཱ་སཱ་ལཱ་ཝ་མངའ་སྡེའི་ཏའོ་མཱ་ས་ཁུལ་གྱི་སྡེ་བ་ཞིག་ཏུ་འགས་གཏོར་དོན་རྐྱེན་བྱུང་བ་དང་། ཉེན་རྟོག་ཕྱོགས་ཀྱིས་བེམ་པོ་ཉེར་བདུན་རྙེད་ཡོད་ལ། རྨས་མ་མང་བོ་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས། ཉེན་རྟོག་ཕྱོགས་ཀྱིས་བདེ་འཇགས་སྡེ་ཁག་བར་མཉམ་ལས་བྱས་ཏེ། དོན་རྐྱེན་ལ་མཉམ་འབྲེལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

ནཱ་སཱ་ལཱ་ཝ་མངའ་སྡེའི་མགོ་བ་སུའུ་ལའེ་ཡིས་བཤད་རྒྱུར། བདེ་འཇགས་སྡེ་ཁག་གིས་དོན་རྐྱེན་བྱུང་སར་མི་སྣ་མངག་ནས། དོན་རྐྱེན་ཡ་ང་བ་དེ་འདྲ་ཡང་བསྐྱར་མི་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར། 

མིག་སྔའི་བར་དུ། རྩ་འཛུགས་དང་མི་སྒེར་གྱིས་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།