ཐའེ་གོའི་རྒྱལ་དམངས་སྟོབས་ཤུགས་ཏང་གིས་པཱ་ཝེ་སྐབས་རྗེས་མའི་ཙུང་ལིའི་འདེམ་སྒུག་པར་མིང་འདོན་བྱས།
2023.01.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཐའེ་གོའི་སྲིད་འཛིན་མནའ་འབྲེལ་གྱི་རྒྱལ་དམངས་སྟོབས་ཤུགས་ཏང་གིས་ཚེས་ཉེར་བདུན་ཉིན་ཏང་དེའི་ཀྲུའུ་ཞི།   ད་ལྟའི་ཙུང་ལི་གཞོན་པ་པཱ་ཝེ་ཏང་དེའི་སྐབས་རྗེས་མའི་ཙུང་ལིའི་འདེམ་སྒུག་པར་མིང་འདོན་བྱས།

རྒྱལ་དམངས་སྟོབས་ཤུགས་ཏང་གིས་གསལ་བསྒྲགས་སྤེལ་ཏེ་བཤད་རྒྱུར།   ཉིན་དེར་སྤེལ་བའི་ཚང་འཛོམས་གྲོས་ཚོགས་སྟེང་།   པཱ་ཝེ་ཏང་དེའི་ཙུང་ལིའི་འདེམ་སྒུག་མི་སྣ་གཅིག་པུ་ཡིན་པའི་མིང་འདོན་ལ་གཅིག་གྱུར་གྲོས་འཆམ་བྱུང་ཟེར།

ད་ལྟའི་ཙུང་ལི་པཱ་ཡུས་ཀྱང་སྐབས་རྗེས་མའི་ཐའེ་གོའི་ཙུང་ལི་འདེམ་བསྐོར་ཞུགས་རྒྱུ་རེད།   ཟླ་འདིའི་ཚེས་དགུ་ཉིན།  ཉེར་སྟོང་ཉེར་གཅིག་ལོའི་ཟླ་གསུམ་པར་བཙུགས་པའི་ཐའེ་གོའི་མི་མཐུན་སྒྲིལ་རྒྱལ་འཛུགས་ཏང་གིས་པཱ་ཡུས་དངོས་སུ་ཏང་ཁག་དེར་ཞུགས་པ་ཁྱབ་བསྒྲགས་བྱས་པར་མ་ཟད།  ཁོ་སྐབས་རྗེས་མའི་ཙུང་ལིའི་འདེམ་སྒུག་པར་མིང་འདོན་བྱས།

ཐའེ་གོའི་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་འགན་ཡུན་ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་ལོངས་པ་རེད།   ད་ལྟའི་འདེམ་བསྐོའི་ལམ་ལུགས་ལྟར། འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་གྲོས་ཁང་གཏོར་རྗེས་ཀྱི་ཉིན་ཞེ་ལྔའི་ནང་འདེམ་བསྐོ་ཆེན་མོའི་བྱ་འགུལ་སྤེལ་རྒྱུ་རེད།

                                                                                                                ལྷ་མོ་ཚེ་རིང་གིས་བསྒྱུར།