དུས་ཡུན་ཉིན་གཉིས་ཀྱི་ཅེ་ཁུའི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཚེས་ཉེར་བརྒྱད་ཉིན་མཇུག་སྒྲིལ། ཕཱ་ཨར་ཝེ་ཡིས་ཅེ་ཁུའི་སྔོན་ཆད་ཀྱི་ཙུང་ལི་པ་པེས་ཧྲིན་ཕམ་པར་བྱས་ཏེ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ།
ཅེ་ཁུའི་ཙུང་ཐུང་འདེམ་བསྐོའི་དཔོན་ཕྱོགས་དྲ་ཚིགས་ཀྱིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། སྡོམ་རྩིས་བྱས་ཚར་བའི་བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་བདུན་དགུའི་འདེམ་ཤོག་ཁྲོད་དུ། ཕཱ་ཨར་ཝེ་ལ་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་ང་བདུན་གྲངས་ཆུང་དགུ་ཡིན་པ་དང་། པ་པེས་ཧྲིན་ལ་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་ཞེ་གཉིས་དང་གྲངས་ཆུང་ཐིག་དགུ་རེད། གཞན་ཡང་བསྡོམས་རྩིས་བྱས་པ་ལྟར་ན། ཚེས་ཉེར་བདུན་དང་ཚེས་ཉེར་བརྒྱད་ཉིན་སྤེལ་བའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་ཀྱི་འདེམ་ཤོག་འཕེན་ཚད་བརྒྱ་ཆའི་བདུན་ཅུར་སླེབས་པ་དང་། སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་ཚད་ཀྱི་བརྒྱ་ཆའི་རེ་བརྒྱད་དང་གྲངས་ཆུང་གཉིས་བཞི་ལས་མཐོ་བ་རེད།
ཟླ་འདིའི་ཚེས་བཅུ་གསུམ་དང་བཅུ་བཞི་གཉིས་ལ་སྤེལ་བའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད། ཙུང་ཐུང་འདེམ་སྒུག་པ་བརྒྱད་ཀྱི་ཁྲོད་དུ་འདེམ་ཤོག་ཕྱེད་ཀའི་ཡན་ཐོབ་པའི་མི་གཅིག་ཀྱང་མེད། ཕཱ་ཨར་ཝེ་དང་པ་པེས་ཧྲིན་གཉིས་ཀྱི་འདེམ་ཤོག་ཐོབ་ཚད་མང་བས་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་ཚུད་པ་རེད།
ད་ལོར་ལོ་རེ་གཅིག་ཡིན་པའི་ཕཱ་ཨར་ཝེ་ཡིས་བྱང་ཆིངས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་མྱོང་བ་དང་། པ་པེས་ཧྲིན་གྱིས་ཅེ་ཁུའི་ནོར་སྲིད་པུའུ་ཀྲུང་གི་འགན་འཁུར་མྱོང་ལ། ཉིས་སྟོང་བཅུ་བདུན་ལོ་ནས་ཉིས་སྟོང་ཉེར་གཅིག་ལོའི་བར་དུ་ཅེ་ཁུའི་ཙུང་ལིའི་འགན་འཁུར།
ཅེ་ཁུའི་ཙུང་ཐུང་གི་འགན་ཡུན་ལོ་ལྔ་ཡིན་པ་དང་། ཐེངས་གཅིག་ལ་བསྟུད་འགན་ཁུར་ཆོག
ལྷ་མོ་ཚེ་རིང་གིས་བསྒྱུར།