དབྱི་ལང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་ལང་ནུབ་བྱང་ས་ཁུལ་དུ་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་ཚད་རིམ་ལྔ་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་བ་དང་། མིག་སྔའི་བར་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ཕྲག་ལྷག་ལ་རྨས་ཕོག་ཡོད།
བསྒྲགས་པ་ལྟར་ན། ས་ཡོམ་བྱུང་ས་ནི་དབྱི་ལང་ནུབ་བྱང་ཕྱོགས་ཀྱི་ཨ་སེ་པེད་ཅང་ཞིང་ཆེན་ནུབ་མ་ཡིན་པ་དང་། ཞིང་ཆེན་དེའི་ཧོ་དབྱི་གྲོང་ཁྱེར་དུ་གནོད་སྐྱོན་ཚབས་ཆེན་ཡིན་ལ། ས་ཁུལ་ཁ་ཤས་སུ་ཡོམ་ཚོར་ཡོད་པ་རེད། གནོད་འཚེ་ཕོག་པའི་ས་ཁུལ་ཁ་ཤས་སུ་མིག་སྔར་ཆར་བ་འབབ་བཞིན་ཡོད་པར་མ་ཟད་དྲོད་ཚད་ཅུང་དམའ་བ་དང་། ས་ཁུལ་ཁ་ཤས་སུ་གློག་ཆད་ཡོད། རོགས་སྐྱོབ་མི་སྣ་མིག་སྔར་གནོད་ཁུལ་དུ་འབྱོར་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།