ཨ་ཧྥེ་རི་ཁ་ལྷོ་མའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ལྷོ་ཕྱོགས་ཀྱི་ཏུང་ཁེ་ཕུའུ་ཞིང་ཆེན་གྱི་ཁྱིམ་ཚང་ཞིག་ལ་ཚེས་ཉེར་དགུ་ཉིན་གྱི་མེ་མདའ་རྒྱག་མཁན་གྱི་འཇབ་རྒོལ་ཐེབས་ཏེ་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་མི་གསུམ་ལ་རྨས་ཕོག་ཡོད།
ཏུང་ཁེ་ཕུའུ་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཕུའུ་ལི་ཞི་ལ་ནེ་ཧྲི་ཡིས་བཤད་རྒྱུར། ཐོག་མའི་བརྟག་བཤེར་ལས་མངོན་པ་ལྟར་ན། ཚེས་ཉེར་དགུ་ཉིན་གྱི་དགོང་མོར་ཞིང་ཆེན་དེའི་ཀི་པེ་ཧ་གྲོང་ཁྱེར་གྱི་ཁ་ཀྲ་ཁེ་ལེ་ས་ཁུལ་གྱི་ཁྱིམ་ཚང་ཞིག་གིས་སྐྱེས་སྐར་རོལ་བཞིན་པའི་སྐབས་སུ། ཐོབ་ཐང་གསལ་བོར་མི་ཤེས་པའི་མེ་མདའ་རྒྱག་མཁན་གཉིས་སྒོ་རའི་ནང་དུ་འཛུལ་ཡོང་ནས་མེ་མདས་བརྒྱབ།
ནེ་ཧྲི་ཡིས་བཤད་རྒྱུར། མེ་མདས་བརྒྱབ་པའི་དོན་རྐྱེན་ཁྲོད། སྐྱེས་པ་བཞི་དང་བུད་མེད་གསུམ་དེ་མ་ཐག་རྐྱེན་ལམ་དུ་ཤོར་བ་དང་། སྐྱེས་པ་གཉིས་དང་བུད་མེད་གསུམ་ལ་རྨས་ཕོག་ཡོད། དེའི་ཁྲོད་རྨས་མ་གཅིག་སྨན་ཁང་དུ་བསྐྱལ་རྗེས་རྐྱེན་ལམ་དུ་ཤོར། མིག་སྔར་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན།
ལྷ་མོ་ཚེ་རིང་གིས་བསྒྱུར།