ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཆ་ཝུའུ་ཧྲིན་ཨོ་ལུའུ་ཡིས་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཐུར་ཁེ་ཡིས་ཧྥིན་ལན་དང་སུའེ་ཏེན་གཉིས་བྱང་ཆིངས་ནང་ཞུགས་པའི་རེ་ཞུ་ལ་སྤྱོད་ཚུལ་མི་འདྲ་བ་འཛིན་ངེས་ཡིན་ཟེར།
ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱིས་ཚེས་ཉེར་དགུ་ཉིན་བརྙན་འཕྲིན་གཏམ་བཤད་ཁྲོད་བཤད་རྒྱུར། ཐུར་ཁེ་ཡིས་བྱང་ཆིངས་ནང་ཞུགས་པའི་གནད་དོན་ཐད་ཧྥིན་ལན་དང་སུའེ་ཏེན་གཉིས་ལ་སྤྱོད་ཚུལ་མི་འདྲ་བ་འཛིན་ངེས་ཡིན་ཟེར། ཆ་ཝུའུ་ཧྲིན་ཨོ་ཝུའུ་ཡིས་ཚེས་སུམ་ཅུ་ཉིན་གསར་འགོད་པར་བཤད་རྒྱུར། ཁོ་དང་ཧྥིན་ལན་ཕྱོགས་ཀྱིས་གནད་དོན་དེའི་ཐད་གྲོས་མོལ་བྱས་ཟིན་ཟེར། ཆ་ཝུའུ་ཧྲིན་ཨོ་ལུའུ་ཡིས་བཤད་རྒྱུར། ཧྥིན་ལན་བྱང་ཆིངས་ནང་ཞུགས་པའི་གནད་དོན་ཐད་གྲུབ་འབྲས་ཅུང་ཙམ་ཐོབ་ཡོད་མོད། ཡིན་ཡང་སུའེ་ཏེན་རྒྱལ་ནང་དུ་འཁྲུག་རྐྱེན་རང་བཞིན་གྱི་དོན་རྐྱེན་ཁ་ཤས་བྱུང་ཟེར།
ཉེ་ལམ། སུའེ་ཏེན་དུ་ཐུར་ཁེ་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་བྱ་འགུལ་སྤེལ། ཐུར་ཁེ་ཡིས་སུའེ་ཏེན་གྱི་ཐུར་ཁེ་རུ་སྡོད་པའི་གཞུང་ཚབ་ཆེན་མོར་བརྡ་ཡིག་བཏང་སྟེ་རྔམ་སྟོན་བྱ་འགུལ་ཐད་རྒོལ་གཏམ་བཏང་བར་མ་ཟད། སུའེ་ཏེན་གྱི་རྒྱལ་སྲུང་པུའུ་ཀྲང་གིས་ཐུར་ཁེར་འཚམས་འདྲི་བྱེད་པའི་འཆར་གཞི་མེད་པར་བཟོས། དེ་མིན། ཐུར་ཁེ་ཡིས་སུའེ་ཏེན་གྱིས་འཇིགས་སྐུལ་བ་དང་འབྲེལ་བ་ཡོད་པའི་ཉེས་ཅན་དང་འཇིགས་སྐུལ་བའི་རྒྱུ་ནོར་བཀག་སྡོམ་ཐད་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་མེད་པར་འདོད།
ལྷ་མོ་ཚེ་རིང་གིས་བསྒྱུར།