མའོ་ཉིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་གྱི་འགས་གཏོར་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་གཏོང་བ་ཡིན་ཞེས་བཤད།
2023.02.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཉེ་ལམ། ཕ་ཁི་སི་ཐན་གྱི་དབྱི་སི་ལན་ཆོས་ཁང་ཞིག་ཏུ་འགས་གཏོར་བྱུང་སྟེ་མི་སྣར་ཤི་རྨས་བཟོས་པའི་དོན་རྐྱེན་ལ་དམིགས་ཏེ་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བསྟན་དོན།     ཀྲུང་གོ་ཕྱོགས་ཀྱིས་དོན་དེར་རྒོལ་གཏམ་དྲག་པོ་གཏོང་བ་དང་།    རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ངེས་ཡིན།

བསྒྲགས་པ་ལྟར་ན།    ཕ་ཁི་སི་ཐན་གྱི་པེད་ཧྲ་ཝ་གྲོང་ཁྱེར་གྱི་དབྱི་སི་ལན་ཆོས་ཁང་ཞིག་ཏུ་ཟླ་དང་པོའི་ཚེས་སུམ་ཉིན་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་བཅུ་ཕྲག་ཁ་ཤས་རྐྱེན་ལམ་དུ་ཤོར།  ཕ་ཁི་སི་ཐན་ཕྱོགས་ཀྱིས་དོན་རྐྱེན་དེ་འཇིགས་སྐུལ་འཇབ་རྒོལ་ཏུ་ངོས་འཛིན་བཞིན་ཡོད།

མའོ་ཉིང་གིས་བཤད་རྒྱུར།   ཀྲུང་གོ་ཕྱོགས་ཀྱིས་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད།    ང་ཚོས་འདས་པོ་དག་ལ་མྱ་ངན་ཟབ་མོ་ཞུ་བ་དང་།   རྨས་མ་དང་འདས་པོའི་ཁྱིམ་མི་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་ཡིན།

མའོ་ཉིང་གིས་བསྟན་དོན།   ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ཡིན་ལ།    ཕ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་རྒྱལ་ཁབ་ཀྱི་གཏན་འཇགས་སྲུང་སྐྱོང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་བརྩོན་བྱེད་པར་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོབ་བྱེད་པ་ཡིན།

                                                                                                        ལྷ་མོ་ཚེ་རིང་གིས་བསྒྱུར།