ཀྲུང་གོའི་ཨེ་ཙེ་ཨོ་ཕི་ཡ་རུ་སྡོད་པའི་གཞུང་ཚབ་ཁང་གིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བདེན་དཔང་བྱས་དོན། ཚེས་སུམ་ཅུ་ཉིན་གྱི་དགོང་མོར། ཀྲུང་གོའི་སྤྱི་དམངས་དགུ་ལ་ཨེ་ཙེ་ཨོ་ཕི་ཡའི་ལྷོ་དབུས་ཀྱི་ཨོ་ལོ་མེས་ཡ་མངའ་སྡེ་ནས་དྲག་ཆས་འཇབ་རྒོལ་ཐེབས་པ་དང་། དེ་དག་ཁྲོད་ཀྱི་མི་གཅིག་སྟབས་མ་ལེགས་པར་མེ་མདའ་ཕོག་སྟེ་རྐྱེན་ལམ་དུ་ཤོར།
མིག་སྔར། ཨོ་ལོ་མེས་ཡ་མངའ་སྡེ་དང་མངའ་སྡེ་གཞན་པའི་འབྲེལ་མཚམས་ས་ཁུལ་དུ་དྲག་ཆས་འཇབ་རྒོལ་དང་བཙན་ཁྲིད། འཕྲོག་བཅོམ་སོགས་གྱོད་གཞི་ཚབས་ཆེན་རྒྱུན་དུ་བྱུང་སྟེ་མི་སྣ་མང་པོར་ཤི་རྨས་ཐེབས་བཞིན་ཡོད་ལ། བདེ་འཇགས་ཐད་ཀྱི་ཉེན་ཁ་ཧ་ཅང་ཆེ།
ཀྲུང་གོའི་ཨེ་ཙེ་ཨོ་ཕི་ཡ་རུ་སྡོད་པའི་གཞུང་ཚབ་ཁང་གིས་ཨེ་ཙེ་ཨོ་ཕི་ཡ་རུ་སྡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལས་ཁུངས་ཀྱིས་ངེས་པར་དུ་དོགས་ཟོན་འདུ་ཤེས་མཐོར་འདེགས་གཏོང་བ་དང་ཉེན་ཁ་ཆེ་བའི་གནས་དང་རིང་དུ་འབྲལ་བ། ཉེན་ཁ་ཆེ་བའི་ས་ཁུལ་དུ་མི་འགྲོ་བ་དང་དེ་བརྒྱུད་མི་རུང་བའི་དྲན་སྐུལ་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།