པུའུ་ཁི་ན་ཧྥ་སོ་རུ་འཇབ་རྒོལ་དོན་རྐྱེན་གཉིས་བྱུང་སྟེ་མི་ཉེར་བརྒྱད་རྐྱེན་ལམ་དུ་ཤོར།
2023.02.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

པུའུ་ཁི་ན་ཧྥ་སོ་ས་གནས་སྲིད་གཞུང་དང་དམག་ཕྱོགས་ཀྱིས་ཚེས་སོ་གཅིག་ཉིན་བཤད་རྒྱུར།   རྒྱལ་ཁབ་དེར་ཚེས་ཉེར་དགུ་དང་སུམ་ཅུ་ཉིན་གཉིས་ལ་སོ་སོར་དྲག་ཆས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་ཟེར།

པུའུ་ཁི་ན་ཧྥ་སོ་ལྷོ་ནུབ་ཕྱོགས་ཀྱི་ཕུའུ་པུའུ་ས་ཁུལ་ཆེན་མོའི་མགོ་གཙོ་སའོ་མུའུ་ཡིས་ཚེས་སོ་གཅིག་ཉིན་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར།    མི་ཉེར་བཞི་དྲུད་ཡོད་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་གཉིས་ལ་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་ཁུ་མའོ་ཨེ་ཞིང་ཆེན་གྱི་གྲོང་སྡེ་ཞིག་ཏུ་འགོག་གཅོད་ཐེབས།  རླངས་འཁོར་སྟེང་གི་མི་དགུ་གློད་གྲོལ་ཐོབ་པ་དང་མི་བཅོ་ལྔ་བཙན་ཁྲིད་བྱས་ལ།   རླངས་འཁོར་གཉིས་མེར་སྲེག་ཡོད།    ཚེས་སུམ་ཅུ་ཉིན།  དོན་རྐྱེན་བྱུང་སའི་ཉེ་འདབས་སུ་བཙན་ཁྲིད་བྱས་པའི་མི་བཅོ་ལྔའི་བེམ་པོ་རྙེད།

པུའུ་ཁི་ན་ཧྥ་སོ་དམག་ཕྱོགས་ཀྱིས་ཚེས་སོ་གཅིག་ཉིན་བཤད་རྒྱུར།    ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱིས་ཚེས་སོ་གཅིག་ཉིན་རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་ས་ཧི་ལེ་ས་ཁུལ་གྱི་སའེ་ནའོ་ཞིང་ཆེན་དུ་འཇབ་རྒོལ་བྱས་ཏེ་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་།   དེའི་ནང་དམག་སྲིད་ཉེན་རྟོག་པ་བཅུ་དང་དམངས་དམག་གཉིས།  མི་སེར་གཅིག་འདུས་ཟེར།

མིག་སྔར།   རྩ་འཛུགས་དང་མི་སྒེར་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་གཉིས་བཟོས་པ་ཁྱབ་བསྒྲགས་བྱས་མེད།

ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ།   པུའུ་ཁི་ན་ཧྥ་སོ་རུ་དྲག་ཆས་འཇབ་རྒོལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད་ལ། བདེ་འཇགས་གནས་བབ་ཧ་ཅང་ཛ་དྲག་རེད།

                                                                                                       ལྷ་མོ་ཚེ་རིང་གིས་བསྒྱུར།