ཀྲུང་གོའི་སྐོར་བཅུ་བའི་མཱ་ལིའི་ཞི་བདེ་སྲུང་སྐྱོབ་སྨན་བཅོས་རུ་ཁག་གིས་འོས་འགན་སྨན་བཅོས་བྱ་འགུལ་སྤེལ།
2023.02.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལི་རུ་སྡོད་པའི་ཕྱོགས་བསྡུས་གཏན་འཇགས་ཆེད་མངགས་ཚོགས་པའི་ཤར་ཕྱོགས་འཐབ་ཁུལ་དང་ས་གནས་སྲིད་གཞུང་གིས་གདན་དྲངས་པ་ལྟར།  ཀྲུང་གོའི་སྐོར་བཅུ་བའི་མཱ་ལི་ཡི་ཞི་བདེ་སྲུང་སྐྱོབ་སྨན་བཅོས་རུ་ཁག་ཚེས་གཉིས་ཉིན་ཅཱ་ཨོ་གྲོང་ཁྱེར་གྱི་ལན་ཏི་སློབ་གྲྭར་སོང་ནས་འོས་འགན་ནད་བརྟག་སྨན་བཅོས་བྱ་འགུལ་སྤེལ།

ལན་ཏི་སློབ་གྲྭར་སློབ་མ་བཞི་བརྒྱ་དང་ལྔ་བཅུ་ཡོད་པ་དང་།   ཡུལ་གྱར་བའི་སྒར་ས་དང་བར་ཐག་ཉེ་ཞིང་།   འཕྲོད་བསྟེན་ཁོར་ཡུག་ངན་ལ།   སྨན་བཅོས་རྨང་གཞི་ཧ་ཅང་ཞན།    ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་སྨན་བཅོས་རུ་ཁག་གིས་དབུགས་ལམ་དང་འཇུ་བྱེད།  བུད་མེད་དང་བྱིས་པ།   རིམས་འགོག    བརྟག་བཤེར་སོགས་ཚན་ཁག་གི་སྨན་བཅོས་སྲུང་སྐྱོབ་སྟོབས་ཤུགས་གཅིག་བསྡུས་བྱས་པ་དང་།    མི་བཅུ་དྲུག་གི་ཆེད་མངགས་ཚོགས་པ་མངགས་ཏེ་དུས་ཚིགས་རང་བཞིན་གྱི་མཆེད་ནད་དང་འགོས་ནད།   སློབ་མའི་ཚོགས་པའི་རྒྱུན་མཐོང་ནད་ལ་དམིགས་ནས་སློབ་གྲྭའི་དགེ་སློབ་རྣམས་ལ་འོས་འགན་ནད་བརྟག་སྨན་བཅོས་བྱས།

སློབ་གྲྭའི་སྨན་པ་མུའུ་སང་གིས་བཤད་རྒྱུར།   ཀྲུང་གོའི་སྨན་བཅོས་རུ་ཁག་གིས་སེམས་ཞིབ་མོས་ནད་བརྟག་སྨན་བཅོས་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ལ། ངས་ཁོ་ཚོའི་ཆུ་ཚད་མཐོ་བའི་སྨན་བཅོས་ལག་རྩལ་ལ་སློབ་སྦྱོང་བཟང་བོ་བྱེད་ངེས་ཡིན་ཟེར།

ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་སྨན་བཅོས་རུ་ཁག་གིས་ཉིན་དེར་ད་རུང་སློབ་གྲྭ་ལ་ཟས་རིགས་དང་སྨན་རྫས།  འཕྲོད་བསྟེན་རིམས་འགོག   སློབ་སྦྱོང་ཡོ་བྱད་སོགས་དངོས་རྫས་ཞལ་འདེབས་སུ་ཕུལ།   ནད་བརྟག་སྨན་བཅོས་སྐབས་སུ།  ཀྲུང་གོའི་ཆེད་མཁས་ཚོགས་པས་སློབ་གྲྭའི་སྨན་ཁང་གི་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་།   སློབ་གྲྭའི་སྨན་པར་ཡུལ་དངོས་ནས་སློབ་ཁྲིད་མཛུབ་སྟོན་བྱས།

སྨན་བཅོས་རུ་ཁག་གི་རུ་གཙོ་ཞུའུ་ལེན་གྱི་བསྟན་དོན།  ཐེངས་འདིར་ཚན་ཁག་སོ་སོའི་རྐང་འཛིན་པས་ཡུལ་དངོས་དཔེ་སྟོན་སློབ་ཁྲིད་དང་ལག་རྩལ་རོགས་ཁྲིད་བྱས་ཏེ་ས་གནས་མང་ཚོགས་ཀྱི་འཕྲོད་བསྟེན་དང་ནད་བརྟག་སྨན་བཅོས་ཆ་རྐྱེན་ཇེ་མཐོར་གཏོང་བར་སྟོབས་ཤུགས་ཕུལ།

ལན་ཏི་སློབ་གྲྭས་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་སྨན་བཅོས་རུ་ཁག་གི་འོས་འགན་ནད་བརྟག་སྨན་བཅོས་བྱས་པ་དང་རྒྱུན་མཁོའི་དངོས་རྫས་ཞལ་འདེབས་སུ་ཕུལ་བར་བཀའ་དྲིན་ཞུས་པ་དང་།   སྨན་བཅོས་ཆེད་མཁས་པས་ཡུལ་དངོས་ནས་རོགས་ཁྲིད་མཛུབ་སྟོན་བྱས་པར་བསྟོད་བསྔགས་ཆེན་པོ་བྱེད་བཞིན་ཡོད།   མཱ་ལི་གཏན་འཇགས་ཆེད་མངགས་ཚོགས་པའི་ཤར་ཕྱོགས་འཐབ་ཁུལ་གྱི་དམག་སྤྱི། དམག་དཔོན་ཕཱ་ཐ་ཁུ་འོས་འགན་ནད་བརྟག་སྨན་བཅོས་ལ་ཞུགས་པར་མ་ཟད།   ཁས་ལེན་གང་ལེགས་བྱས།

                                                                                                      ལྷ་མོ་ཚེ་རིང་གིས་བསྒྱུར།