ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་གསུམ་ཉིན་ཀྲུང་གོའི་མི་མེད་འཕུར་གྲུ་འགོག་ཐབས་བྲལ་བའི་དབང་གིས་ཨ་མེ་རི་ཁའི་མཁའ་ཁོངས་སུ་ནོར་འཛུལ་བྱས་པའི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།
འགར་འགོད་པ་ཞིག་གིས་སྨྱན་བྱད་ཀྱིས་ཉེ་ལམ་ཀྲུང་གོའི་མི་མེད་འཕར་གྲུ་ཞིག་ཨ་མེ་རི་ཁའི་མཁའ་ཁོངས་སུ་མངོན་ཞེས་བསྒྲགས་པ་དེའི་ཐད་ཀྲུང་གོར་དཔྱད་གཏམ་ཅི་ཞིག་ཡོད་ཅེས་དྲིས་པ་ན། མགྲིན་ཚབ་པས་བཤད་རྒྱུར། འཕུར་གྲུ་དེ་ནི་ཀྲུང་གོ་ནས་ཡོང་བ་དང་དམངས་སྤྱོད་རང་བཞིན་གྱི་ཁོངས་སུ་གཏོགས་ལ། གནམ་གཤིས་སོགས་ཚན་རིག་ཞིབ་འཇུག་ཐད་བཀོལ་བཞིན་ཡོད། ནུབ་རླུང་གི་ཤུགས་རྐྱེན་ཐེབས་པ་དང་རང་སྟེང་གི་ཚོད་འཛིན་ནུས་པར་ཚད་བཀག་ཡོད་པའི་རྐྱེན་གྱིས་འཕུར་གྲུ་དེ་སྔོན་དཔག་གི་ལམ་ཐིག་དང་རིང་དུ་བརྒལ་བ་ཡིན། ཀྲུང་གོ་ཕྱོགས་ནས་འཕུར་གྲུ་འགོག་ཐབས་བྲལ་བའི་དབང་གིས་ཨ་མེ་རི་ཁའི་མཁའ་ཁོངས་སུ་ནོར་འཛུལ་བྱས་པར་ཡིད་ཕངས་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨ་མེ་རི་ཁའི་བར་འབྲེལ་འདྲིས་སྲུང་འཛིན་བྱས་ཏེ་ཐེངས་འདིའི་འགོག་ཐབས་བྲལ་བའི་དབང་གིས་བཟོས་པའི་བློ་ཡུལ་ལས་འདས་པའི་གནས་ཚུལ་ཐག་གཅོད་བཟང་བོ་བྱེད་ངེས་ཡིན་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།