རུ་ཝང་ཏིའི་རྒྱལ་སའི་མ་རྨོས་ལོ་ཏོག་སྐམ་ས་ཞིག་ལ་རྡིབ་སྐྱོན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།
2023.02.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

རུ་ཝང་ཏིའི་རྒྱལ་ས་ཅི་ཅ་ལི་ཡི་གྲོང་ཁྱེར་ཉེ་འདབས་ཀྱི་མ་རྨོས་ལོ་ཏོག་སྐམ་ས་ཞིག་ལ་ཚེས་གསུམ་གྱི་སྔ་དྲོར་རྡིབ་སྐྱོན་ཐེབས་ཏེ་ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་།  མི་སོ་དྲུག་ལ་རྨས་ཕོག

རུ་ཝང་ཏིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།   དོན་རྐྱེན་དེ་ཅཱ་ས་པའོ་ས་ཁུལ་ལུའུ་སོ་ལུའུ་ལུའུ་གྲོང་རྡལ་དུ་བྱུང་།  གྲོང་རྡལ་དེའི་དཔོན་རིགས་ཨན་སཱ་པེས་མ་ན་ཡིས་བཤད་རྒྱུར།  དོན་རྐྱེན་འབྱུང་སྐབས་མི་མང་པོས་མ་རྨོས་ལོ་ཏོག་སྐམ་ས་རུ་འབྲུ་རིགས་ལ་ཞིབ་བཤེར་བྱེད་བཞིན་ཡོད། རྨས་མ་རྣམས་ཉེ་འདབས་ཀྱི་མཱ་ས་ཁ་སྨན་ཁང་དུ་བསྐྱལ་ཡོད་ཟེར།

མིག་སྔར་ཉེན་རྟོག་ཕྱོགས་ཀྱི་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད།

རུ་ཝང་ཏའི་ཙུང་ལི་ཨུན་ཅི་ལོན་ཐི་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ཏེ་འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས་པ་དང་།   འདས་པོ་དང་རྨས་མའི་ཁྱིམ་མི་ལ་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས།  གསལ་བསྒྲགས་ཁྲོད་བཤད་རྒྱུར།    སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་སྒྲིག་ཆས་ཀྱི་བདེ་འཇགས་ཇེ་མཐོར་བཏང་སྟེ་དོན་རྐྱེན་དེའི་རིགས་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་ངེས་ཡིན།

                                                                                                     ལྷ་མོ་ཚེ་རིང་གིས་བསྒྱུར།