ཝང་དབྱི་ཡིས་དུས་བཅད་ལྟར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་ལ་ཁ་པར་བཏང་།
2023.02.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་གཉིས་པའི་ཚེས་གསུམ་ཉིན་གྱི་དགོང་མོར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།  ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིས་དུས་བཅད་ལྟར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་ལ་ཁ་པར་བཏང་།    ཕྱོགས་གཉིས་ཀྱིས་བརྟན་བརླིང་དང་ཆེད་ལས་ཀྱི་རྣམ་འགྱུར་བཟུང་སྟེ་གློ་བུར་དུ་བྱུང་བའི་དོན་རྐྱེན་ཇི་ལྟར་ཐག་གཅོད་བྱེད་པའི་ཐད་ནས་གྲོས་བསྡུར་བྱས། 
ཝང་དབྱི་ཡིས་བསྟན་དོན།  ཀྲུང་གོ་ནི་འགན་འཁུར་བའི་རྒྱལ་ཁབ་ཅིག་ཡིན་པ་དང་།    རྒྱལ་སྤྱིའི་བཅའ་ཁྲིམས་ནམ་ཡང་བརྩི་སྲུང་ནན་མོ་བྱེད་བཞིན་ཡོད་ལ།   ང་ཚོས་རྐྱེན་མེད་ཀྱི་འོལ་ཚོད་དང་འུད་སྒྲོག་གང་ཡང་དང་ལེན་བྱེད་མི་སྲིད་།   བསམ་ཡུལ་ལས་འདས་པའི་དོན་རྐྱེན་ལ་འཕྲད་སྐབས། ཕྱོགས་གཉིས་ཀྱིས་གཏན་ཤུགས་སྲུང་འཛིན་བྱེད་པ་དང་དུས་ཐོག་ཏུ་མཐུན་སྦྱོར་བྱས་ཏེ་ནོར་འཁྲུལ་གྱིས་བརྡར་གཅོད་མི་བྱེད་པ་དང་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་བྱེད་དགོས།

                                                                                          ལྷ་མོ་ཚེ་རིང་གིས་བསྒྱུར། 


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།