པུའུ་ཁུ་ཨར་གྱིས་སར་ཝ་ཏོལ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་གསར་པ་འབྱུར་བར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།
2023.02.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

སར་ཝ་ཏོལ་གྱི་ཙུང་ཐུང་པུའུ་ཁུ་ཨར་གྱིས་ཚེས་གཉིས་ཉིན་བསྟན་དོན།  ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་བརྩེའི་བརྗེ་རེས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ཏེ་སར་ཝ་ཏོལ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།

པུའུ་ཁུ་ཨར་གྱིས་ཉིན་དེར་ཀྲུང་གོའི་གསར་དུ་འགན་ཁུར་བའི་སར་ཝ་ཏོལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཀྲང་ཡན་ཧུའེ་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བསྟན་དོན།   ཉེ་བའི་ལོ་འགའི་རིང་།   སར་ཝ་ཏོལ་དང་ཀྲུང་གོའི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་བྱུང་བ་དང་།   དངོས་གཉེར་མཉམ་ལས་ཐད་གྲུབ་འབྲས་བཟང་བོ་བླངས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན།

ཀྲང་ཡན་ཧུའེ་ཡིས་བསྟན་དོན།   རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་སར་ཝ་ཏོལ་གྱི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་པ་དང་།  ཆབ་སྲིད་ཡིད་ཆེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་ལ།  གཉིས་ཕན་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་ཕྱིན།

ཀྲང་ཡན་ཧུའེ་ཟླ་དང་པོའི་ཚེས་བརྒྱད་ཉིན་སར་ཝ་ཏོལ་དུ་འབྱོར་ནས་ཀྲུང་གོའི་སར་ཝ་ཏོལ་དུ་སྡོད་པའི་གསར་བསྐོའི་གཞུང་ཚབ་ཆེན་མོའི་འགན་འཁུར།

ལྷ་མོ་ཚེ་རིང་གིས་བསྒྱུར།