ཨ་ཧྥེ་རི་ཁ་ལྷོ་མའི་རྒྱང་སྒྲོག་ཀུང་ཟིའི་དྲ་ཚིགས་ཀྱིས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གཞོན་པ་མཱ་པུའུ་ཀྲ་ཡིས་ཉིན་དེར་བདེན་དཔང་བྱས་དོན། ཁོས་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གཞོན་པའི་ལས་འགན་བསྐྱུར་ཡོད་ཟེར།
བསྒྲགས་པ་ལྟར་ན། མཱ་པུའུ་ཀྲ་ཡིས་མུའུ་ཕུའུ་མཱ་ལན་ཅཱ་ཞིང་ཆེན་དུ་གཉེན་ཉེ་ཞིག་ལ་དུར་འཇུག་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།
ཆབ་སྲིད་དབྱེ་ཞིབ་མི་སྣས་བཤད་རྒྱུར། མཱ་པུའུ་ཀྲ་ཡིས་ལས་འཁྱུར་དགོངས་ཞུ་བྱས་པ་ནི་སྔོན་དཔག་བྱས་ཡོད་པའི་དོན་དག་ཅིག་ཡིན། ན་ནིང་ཟླ་བཅུ་གཉིས་པར་བསྡུས་པའི་སྲིད་འཛིན་ཏང་ཨ་ཧྥེ་རི་ཁ་ལྷོ་མའི་ཨ་ཧྥེ་རི་ཁ་གླིང་བའི་རྒྱལ་དམངས་ཚོགས་ཆེན་གྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྐབས་ང་ལྔ་བའི་སྟེང་། པའོ་ལོ་མཱ་ཧྲ་ཏིས་ལའེ་ཨ་ཧྥེ་རི་ཁ་གླིང་བའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་གཞོན་པར་བསྐོ་འཇོག་བྱས་པ་རེད། མཱ་པུའུ་ཀྲ་ཡིས་ལས་འཁྱུར་དགོངས་ཞུ་བྱས་རྗེས། མཱ་ཧྲ་ཏིས་ལའེ་ཡིས་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གཞོན་པའི་འགན་ཁུར་བའི་རེ་བ་ཡོད་ཟེར།
མཱ་པུའུ་ཀྲ་ཡིས་ཉིས་སྟོང་བཅོ་བརྒྱད་ལོ་ནས་བཟུང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གཞོན་པའི་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།