གསར་འགོད་པས་ཚེས་དྲུག་ཉིན་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་ཐུར་ཁེའི་ཟླ་གསར་དམར་པོ་ཚོགས་པ་དང་སི་རི་ཡཱའི་ཟླ་གསར་དམར་པོ་ཚོགས་པར་སོ་སོར་མེ་སྒོར་འབུམ་གཉིས་ཀྱི་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱས་ཏེ། གནོད་འཚེའི་རྒུད་སྐྱོབ་ཀྱི་རོགས་སྐྱོར་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ་ཐག་བཅད་ཡོད།
ཟླ་གཉིས་པའི་ཚེས་དྲུག་ཉིན། ཐུར་ཁེ་དང་སི་རི་ཡཱ་རུ་ས་ཡོམ་དྲག་པོ་བྱུང་ནས་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོད་གུད་ཚབས་ཆེན་བཟོས། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་ཁྲིན་ཀྲུའུ་ཡིས་སོ་སོར་རྒྱལ་ཁབ་གཉིས་ཀྱི་ཟླ་གསར་དམར་པོ་ཚོགས་པར་འཚམས་འདྲིའི་འཕྲིན་ཡིག་བསྐུར། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་མུ་མཐུད་དུ་གནོད་ཐེབས་གནས་ཚུལ་ལ་དོ་སྣང་བྱེད་རྒྱུ་མ་ཟད། དགོས་མཁོར་གཞིགས་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྔར་ལས་མང་བོ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།