པུ་ཁི་ནཱ་ཧྥ་སོའི་བྱང་ཕྱོགས་ས་ཁུལ་དུ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར། 
2023.02.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

པུ་ཁི་ནཱ་ཧྥ་སོའི་ས་གནས་སྲིད་གཞུང་གིས་ཚེས་དྲུག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་སཱ་ཧི་ལེ་ས་ཁུལ་ཆེན་མོའི་སེ་ནོའུ་ཞིང་ཆེན་དུ་ཉེ་སྔོན་དྲག་ཆས་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་ཟེར། 

སཱ་ཧི་ལེ་ས་ཁུལ་ཆེན་མོའི་མགོ་བ་སོ་ཨར་ཀི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་ཚེས་བཞི་ཉིན་གྱི་ཕྱི་དྲོར་སེ་ནོའུ་ཞིང་ཆེན་གྱི་པཱ་ནེ་གྲོང་རྡལ་དུ་འཇབ་རྒོལ་བྱས་ཏེ། ཉེན་རྟོག་པ་གསུམ་དང་མི་སེར་དཀྱུས་མ་ཉེར་གཉིས་བསད་པ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།