ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཚེས་དྲུག་ཉིན་རྒྱ་བསྐྱེད་གྲོས་ཚོགས་བསྡུས་པ་དང་། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྲོས་ཚོགས་ལ་ཞུགས་ཏེ་གྲོས་ཚོགས་ལ་མཛུབ་སྟོན་བྱས་ཟེར།
བསྒྲགས་པ་ལྟར་ན། གྲོས་ཚོགས་ནས་ཉིས་སྟོང་ཉེར་གསུམ་ལོའི་དམག་དོན་ཆབ་སྲིད་ལས་འགན་གཙོ་བོ་དང་འབྲེལ་ཡོད་དམག་དཔུང་གི་འཛུགས་སྐྲུན་ཐད་ཀྱི་མདུན་ལྗོངས་གནད་དོན་ལ་གྲོས་བསྡུར་བྱས།
གྲོས་ཚོགས་ནས་བྱེ་བྲག་ཏུ་ཞིབ་འཇུག་གྲོས་བསྡུར་བྱས་པའི་དམག་དོན་ཆབ་སྲིད་བྱ་བའི་ལས་འགན་ལ་དམག་དོན་བྱ་བར་ཤུགས་སྣོན་བྱེད་པའི་ལས་ཁུངས་སྒྲིག་ལུགས་བཅོས་སྒྱུར་བྱེད་པར་དམིགས་པའི་བྱེད་ཐབས་སྤྱོད་པ་དང་། མིག་སྔའི་གནས་བབ་ལ་གཞིགས་ནས་མི་དམངས་དམག་དཔུང་གི་འཐབ་འཛིང་སྦྱོང་བརྡར་ལ་ཤུགས་སྣོན་དང་འཐབ་འཁྲུག་གྲ་སྒྲིག་འཐུས་ཚང་དུ་གཏོང་བ། དམག་དཔུང་ནང་ཁུལ་གྱི་སྲོལ་ཡིག་བཟོ་བཅོས་བྱེད་པ་སོགས་འདུ།
བསོད་ནམས་ཚེ་རིང་གིས་བསྒྱུར།