ཟླ་གཉིས་པའི་ཚེས་དགུ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གཏམ་བཤད་སྤེལ།
ཟླ་གཉིས་པའི་ཚེས་དགུ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གཏམ་བཤད་སྤེལ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དགུ་ཉིན་ནན་གྱིས་བསྟན་དོན། བཀག་སྡོམ་བྱེད་ཐབས་ལས་སི་རི་ཡཱའི་ས་ཡོམ་རྗེས་ཀྱི་རྒུད་སྐྱོབ་ལ་བཀག་རྒྱ་ཐེབས་སུ་འཇུག་མི་རུང་ཟེར།
ཀུའུ་ཐི་ལོས་སི་ཡིས་སྨྱན་བྱད་ཀྱི་སི་རི་ཡཱ་ལ་དམིགས་པའི་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་དེ་ས་ཡོན་བྱུང་རྗེས་རྩིས་མེད་དུ་གཏོང་སྲིད་མིན་གྱི་དྲི་བར་ལན་འདེབས་སྐབས་བསྟན་དོན། འབྲེལ་ཡོད་ཕྱོགས་སོ་སོས་ངེས་པར་དུ་རྣམ་པ་གང་རུང་གི་བཀག་སྡོམ་གང་ཡིན་ཡང་མིག་སྔར་སི་རི་ཡཱའི་མང་ཚོགས་ཀྱི་རྒུད་སྐྱོབ་བྱ་བར་བཀག་རྒྱ་ཐེབས་མི་རུང་བ་གསལ་བོར་ཤེས་དགོས་ཟེར། ཁོས་རྒྱལ་སྤྱིའི་རྒུད་སྐྱོབ་རུ་ཁག་གིས་གང་ནུས་ཀྱིས་ཐུར་ཁེ་དང་སི་རི་ཡཱ་ནས་རྒུད་སྐྱོབ་བྱ་བ་སྤེལ་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་གཏམ་བཤད་སྤེལ་ཏེ་བཤད་རྒྱུར། ཐུར་ཁེ་དང་སི་རི་ཡཱའི་ས་ཡོམ་ནི་དུས་རབས་འདིར་བྱུང་བའི་རང་བྱུང་གནོད་འཚེ་ཚབས་ཆེན་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་གང་ཡོད་བཏོན་ནས་བྲེལ་མྱུར་རྒུད་སྐྱོབ་བྱ་འགུལ་སྤེལ་བཞིན་ཡོད་པ་དང་། མུ་མཐུད་དུ་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་ཁས་ལེན་བྱས་ཡོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་དབྱང་འཕྲལ་བསྟུན་ཐེབས་རྩ་ཡིས་མེ་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་བཏང་ནས་ཐུར་ཁེ་དང་སི་རི་ཡཱ་རྒྱལ་ཁབ་གཉིས་ཀྱི་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་རུང་གཟའ་འཁོར་རྗེས་མར་སི་རི་ཡཱའི་གནོད་ཐེབས་མང་ཚོགས་ལ་བྲེལ་མྱུར་གྱི་ཞལ་འདེབས་འབུལ་བའི་འགུལ་སྐྱོད་སྤེལ་རྒྱུའི་འཆར་གཞི་ཡོད་པར་མ་ཟད། རང་ནུས་ཅི་ལྕོགས་ཀྱིས་ཐུར་ཁེའི་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།