ནཱ་སྨི་པུ་ཡཱའི་ཙུང་ཐུང་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན། 
2023.02.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ནཱ་སྨི་པུ་ཡཱའི་ཙུང་ཐུང་ཀིན་ཀི་པུའུ་ཡིས་ཚེས་དགུ་ཉིན་རྒྱལ་ས་ཝུན་ཏི་ཧི་ཁི་ནས་བཤད་རྒྱུར། ནཱ་སྨི་པུ་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་སྣང་ཚུལ་བཟང་། ནཱ་སྨི་པུ་ཡཱ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ད་ལྟའི་རྨང་གཞིའི་སྟེང་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཀིན་ཀི་པུའུ་ཡིས་ཉིན་དེར་ནཱ་སྨི་པུ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཀྲའོ་ཝེ་ཕེན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བསྟན་དོན། ཀྲུང་གོའི་ཁེ་ལས་དག་ནཱ་སྨི་པུ་ཡཱའི་ཐོན་ལས་འཕེལ་རྒྱས་ནང་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ཟེར། 

ཀྲའོ་ཝེ་ཕེན་གྱིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ནཱ་སྨི་པུ་ཡཱ་ཡིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནཱ་སྨི་པུ་ཡཱ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། མཉམ་དུ་ཕྱོགས་མང་རིང་ལུགས་དང་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ། བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ནཱ་སྨི་པུ་ཡཱའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཀྲའོ་ཝེ་ཕེན་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་ཝུན་ཏི་ཧི་ཁི་རུ་འབྱོར་ནས་ལས་འགན་གསར་དུ་ཁུར་བ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།