ཐུར་ཁེ་ཡིས་ས་ཡོམ་གནོད་ཐེབས་ས་ཁུལ་གྱི་རྒྱུ་སྤུས་ཞན་པའི་བཟོ་བཀོད་ལ་འགན་ཁུར་བའི་འགན་གཙང་ལེན་ཚོང་བ་དང་བཟོ་སྐྲུན་པ་འཛིན་བཟུང་བྱས། 
2023.02.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཐུར་ཁེའི་ཁྲིམས་འཛིན་པུའུ་ཀྲང་པའོ་ཙི་ཏཱ་ཡིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་བཤད་རྒྱུར། ཐུར་ཁེའི་ཞིབ་དཔྱོད་ཁང་གིས་ཉིན་དེར་འཛིན་བཟུང་བཀའ་རྒྱ་བརྒྱ་དང་སོ་བཞིན་བཀོད་དེ། ས་ཡོམ་གནོད་ཐེབས་ས་ཁུལ་གྱི་རྒྱུ་སྤུས་ཞན་པའི་བཟོ་བཀོད་ལ་ཐད་ཀར་འགན་ཁུར་བའི་འགན་གཙང་ལེན་ཚོང་བ་དང་བཟོ་སྐྲུན་པ་འཛིན་བཟུང་བྱས། 

པའོ་ཙི་ཏཱ་ཡིས་བཤད་རྒྱུར། ཐུར་ཁེའི་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་པུའུ་ཡི་མཛུབ་སྟོན་ལྟར། ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་ཞིང་ཆེན་བཅུ་ནས་ནག་ཉེས་རྟོག་ཞིབ་ཅུའུ་བཙུགས་ཡོད་པ་དང་། ས་ཡོམ་ཁྲོད་ཁང་བ་མང་བོར་རྡིབས་སྐྱོན་བྱུང་བའི་གནད་དོན་ལ་རྟོག་ཞིབ་བྱེད་དུ་བཅུག ཐུར་ཁེའི་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། མིག་སྔར་ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཉུང་མཐར་ཡང་འབྲེལ་ཡོད་འགན་ཁུར་བ་བཅུ་གཉིས་འཛིན་བཟུང་བྱས་ཡོད་ཟེར། 

ཐུར་ཁེའི་གནོད་འཚེ་དང་འཕྲལ་བསྟུན་དོ་དམ་ཁང་གིས་ཚེས་བཅུ་གཉིས་ཉིན་སྤེལ་བའི་གཞི་གྲངས་གསར་བ་ལྟར་ན། ཚེས་དྲུག་ཉིན་ཐུར་ཁེའི་ལྷོ་ཕྱོགས་ས་ཁུལ་ནས་བྱུང་བའི་ས་ཡོམ་དྲག་པོ་ལས་ཐུར་ཁེ་ནས་མི་ཁྲི་གསུམ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། ས་ཡོམ་དེ་ལས་ཐོག་ཁང་ཁྲི་གཉིས་ལྷག་ལ་བརྡིབས་སྐྱོན་བྱུང་ཡོད་ལ། སྡོད་ཁང་གི་རྒྱུ་སྤུས་གནད་དོན་ལ་ལས་རིགས་སོ་སོས་དོགས་པ་ཟ་བཞིན་ཡོད་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།