ཨུ་རུ་སི་ཡིས་ཝུའུ་ཁི་ལན་དམག་དཔུང་གི་འབར་རྫས་མཛོད་ཁང་སོགས་དམིགས་འབེན་ལ་ཆམ་ཕབ་བཏང་བའི་ཚུལ་བསྟན། 
2023.02.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 47

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཁུའུ་ཕིས་དབྱང་སི་ཁི་དང་ཏོན་ནེ་ཚི་ཁི་སོགས་ས་ཁུལ་ནས་ཝུའུ་ཁི་ལན་དམག་དཔུང་གི་མདེལ་རྫས་མཛོད་ཁང་དང་འབར་རྫས་མཛོད་ཁང་སོགས་དམིགས་འབེན་ལ་ཆམ་ཕབ་བཏང་ཟེར། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་ལ་སྐོར་ཐེངས་གསར་བའི་འཕུར་མདའི་འཇབ་རྒོལ་བྱས་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་འཕུར་མདའ་སྐོར་ཞིག་སར་འཕངས་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།