ཨ་མེ་རི་ཁའི་མུས་ཞི་ཞི་པུས་མངའ་སྡེ་རུ་མེ་མདས་བརྒྱབ་པའི་མུ་འབྲེལ་དོན་རྐྱེན་བྱུང་ནས་མི་དྲུག་རྐྱེན་ལམ་དུ་ཤོར། 
2023.02.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཨ་མེ་རི་ཁའི་མུས་ཞི་ཞི་པུས་མངའ་སྡེའི་ཐེ་ཐི་རྫོང་ཨ་ཁཱ་པཱ་ཐི་ལཱ་གྲོང་རྡལ་དུ་ཚེས་བཅུ་བདུན་ཉིན་མེ་མདས་བརྒྱབ་པའི་མུ་འབྲེལ་དོན་རྐྱེན་ཞིག་བྱུང་སྟེ། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། ལག་དམར་འཛིན་བཟུང་བྱས། 

ཐེ་ཐི་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ལག་དམར་གྱིས་ཨ་ཁཱ་པཱ་ཐི་ལཱ་གྲོང་རྡལ་གྱི་གནས་མང་བོར་དོན་རྐྱེན་བཟོས་པ་དང་། ཉེན་རྟོག་པས་ཚོང་ཁང་དང་སྡོད་གནས། རླངས་འཁོར་བཅས་སུ་གནོད་ཐེབས་མཁན་དྲུག་རྙེད་པ་རེད། ལག་དམར་གྱིས་དེའི་རྗེས་སུ་རླངས་འཁོར་བསྐོར་ནས་འབྲོ་རྩིས་བྱེད་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས་པ་རེད། 

མུས་ཞི་ཞི་པུས་མངའ་སྡེའི་མགོ་བ་ཐེ་ཐི་ལི་ཧྥུའུ་སི་ཡིས་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་གསལ་སྒྲོག་སྤེལ་ཏེ། ལག་དམར་དེས་ཁེར་རྐྱང་དུ་འགུལ་སྐྱོད་སྤེལ་བ་ཡིན་ལ། དེའི་དམིགས་ཡུལ་ད་རུང་གསལ་བོར་མི་ཤེས་ཟེར། མུས་ཞི་ཞི་པུས་མངའ་སྡེའི་རྟོག་ཞིབ་ཅུའུ་ཡིས་ས་དེའི་རྟོག་ཞིབ་བྱ་བར་རམ་འདེགས་བྱེད་བཞིན་ཡོད། 

ཨ་མེ་རི་ཁའི་མེ་མདའི་དྲག་ཤུགས་ཡིག་ཚགས་དྲ་ཚིགས་ཀྱིས་སྤེལ་བའི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། ད་ལོའི་ཚུན་ལ། ཨ་མེ་རི་ཁར་མི་སྟོང་ལྔ་དང་ལྔ་བརྒྱ་ལྷག་མེ་མདའི་དྲག་ཤུགས་དབང་གིས་ཚེ་སྲོག་ཤོར་ཡོད་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།