དབྱི་ལིང་གིས་ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇིའི་ཚོགས་པ་དང་མི་སྒེར་སྐོར་ཞིག་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་བསྒྲགས་བྱས། 
2023.02.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་པ་བཅུ་གསུམ་དང་ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་ཀྱི་མི་སྒེར་བཅོ་ལྔ། དེ་མིན་དབྱིན་ཇིའི་མི་བརྒྱད་བཅས་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་བསྒྲགས་བྱས། 

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། བཀག་སྡོམ་བྱ་ཡུལ་ལ་དམག་དོན་བཟོ་ལས་ཁེ་ལས་མང་བོ་དང་ཡོ་རོབ་གླིང་རྒྱལ་ཁབ་ཀྱི་པུའུ་ཀྲང་དང་གྲོས་མི་མང་བོ། དེ་མིན་ཡོ་རོབ་གླིང་གྲོས་ཁང་གི་གྲོས་མི་རེ་འགའ་བཅས་འདུས་ཡོད་ཟེར། བཀག་སྡོམ་བྱེད་ཐབས་ལ་འབྲེལ་ཡོད་མི་སྒར་དང་ཚོགས་པའི་དབྱི་ལིང་དུ་ཡོད་པའི་དངུལ་ལོར་དང་དངུལ་ཁང་མ་ལག་ཁྲོད་ཀྱི་རྩིས་ཐོ་དང་ཉོ་ཚོང་བཅས་ཉར་འཇོག་བྱེད་རྒྱུ་ཡིན་པ་དང་། དབྱི་ལིང་གི་དོ་དམ་ཁྱབ་ཁོངས་སུ་ཡོད་པའི་རྒྱུ་ནོར་ཉར་འཇོག་བྱེད་རྒྱུ་མ་ཟད། དེ་དག་ལ་ལམ་ཡིག་སྟེར་བར་ཡང་ཚོད་འཛིན་བྱེད་རྒྱུ་ཡིན་ཟེར 

དབྱི་ལིང་ཕྱོགས་ཀྱིས་བསྟན་དོན། མི་སྒེར་དང་ཚོགས་པ་དེ་དག་གིས་འཇིགས་སྐུལ་རིང་ལུགས་དང་འཇིགས་སྐུལ་རྩ་འཛུགས་ལ་རྒྱབ་སྐྱོར་བྱས་པ་དང་། དབྱི་ལིང་མི་དམངས་ལ་དམིགས་པའི་འཇིགས་སྐུལ་འགུལ་སྐྱོད་ལ་ངན་སྐུལ་བྱས་པར་མ་ཟད། དབྱི་ལིང་གི་ནང་སྲིད་ལ་ཐེ་གཏོགས་བྱས་པ་དང་དབྱི་ལིང་ལ་འབྲེལ་བའི་གནས་ཚུལ་རྫུན་མ་ཁྱབ་བསྒྲགས་བྱས་པ་དང་། དབྱི་ལིང་མི་དམངས་ཀྱི་བཀག་སྡོམ་ལ་སྔར་ལས་ཤུགས་སྣོན་བྱེད་པའི་བྱ་བའི་ནང་ཞུགས་མྱོང་ཡོད་ཟེར། 

དེ་ནི་དབྱི་ལིང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་དེའི་སྔོན་གྱི་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་ཤིག་རེད། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་ཉི་ཤུ་ཉིན་དབྱི་ལིང་གི་པུའུ་ཀྲང་གཉིས་དང་བཅ་པའི་མི་སྒེར་སོ་གཉིས་དང་ཚོགས་པ་གཉིས་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།