ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ནཱ་པུའུ་ལུའུ་སི་གྲོང་ཁྱེར་ནས། ཕཱ་ལེ་སི་ཐན་གྱི་མིས་དབྱི་སི་རལ་དམག་དཔུང་གི་རླངས་འཁོར་ལ་རྡོ་བས་བརྒྱག་བཞིན་པ།
ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ནཱ་པུའུ་ལུའུ་སི་གྲོང་ཁྱེར་ནས། ཕཱ་ལེ་སི་ཐན་གྱི་མིས་དབྱི་སི་རལ་དམག་དཔུང་གི་རླངས་འཁོར་ལ་རྡོ་བས་བརྒྱག་བཞིན་པ།
ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ནཱ་པུའུ་ལུའུ་སི་གྲོང་ཁྱེར་ནས། ཕཱ་ལེ་སི་ཐན་གྱི་མི་རྣམས་དབྱི་སི་རལ་དམག་དཔུང་གི་དུད་འཕྱུར་འགད་རྫས་ལ་གཞའ་བཞིན་པ།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་གཉིས་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ནཱ་པུའུ་ལུའུ་སི་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་། ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་པུའུ་ཡིས་བསྒྲགས་པ་ལྟར་ན། འཁྲུག་རྩོད་ལས་དབྱི་སི་རལ་གྱི་དམག་དཔུང་གིས་ཕཱ་ལེ་སི་ཐན་གྱི་མི་བཅུ་བསད་པ་དང་། གཞན་ཡང་མི་བརྒྱ་དང་གཉིས་ལ་རྨས་ཕོག་ཡོད་ཟེར།
གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་ནཱ་པུའུ་ལུའུ་སི་མཁར་རྙིང་དུ་ཡོང་ནས་འཛིན་བཟུང་འགུལ་སྐྱོད་སྤེལ་སྐབས་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་བ་དང་། ཡུལ་དངོས་སུ་མེ་མདའི་སྒྲ་དང་འགས་གཏོར་གྱི་སྒྲ་བྱུང་ནས་དུད་ནག་འཕྱུར་བཞིན་ཡོད་ཟེར། ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པ་ལྟར་ན། རྨས་མའི་ཁྲོད་མི་དྲུག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར།
དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་མི་ཉིན་དེར་ནཱ་པུའུ་ལུའུ་སི་རུ་ཡོང་ནས་གནས་དེར་སྦས་སྐོང་བྱེད་པའི་ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་ཡི་དྲག་ཆས་ཉེས་ཅན་འཛིན་བཟུང་བྱས་པ་དང་། དེའི་རྗེས་སུ་ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་བ་རེད། མིག་སྔར་དབྱི་སི་རལ་གྱི་དམག་དཔུང་ལ་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད་ཟེར།
ཉིས་སྟོང་ཉེར་གསུམ་ལོའི་ཚུན་ལ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་སོང་ཞིང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཡེ་ལུའུ་སཱ་ལེམ་གྱི་ས་ཁུལ་མང་བོ་ནས་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱས་ཏེ་ཤི་རྨས་བཟོས་ཡོད་ལ། ཡེ་ལུའུ་སཱ་ལེམ་ནས་ཀྱང་དབྱི་སི་རལ་གྱི་མིར་དམིགས་པའི་མེ་མདས་བརྒྱབ་པའི་དོན་རྐྱེན་མང་དུ་བྱུང་བ་རེད། ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་བར་གྱི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དབྱི་སི་རལ་གྱིས་ཀྱང་ཕཱ་ལེ་སི་ཐན་གྱི་མིར་དམིགས་པའི་བྱེད་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།