ཁུ་པཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁའི་ཉེན་རྟོག་པའི་དྲག་ཤུགས་ཁྲིམས་བསྟར་དང་རིགས་རྒྱུད་མཐོང་ཆུང་གནད་དོན་ལ་སྐྱོན་བརྗོད་བྱས། 
2023.02.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་ཚེས་ཉེར་གཉིས་ཉིན་ཨ་མེ་རི་ཁའི་ཉེན་རྟོག་པའི་དྲག་ཤུགས་ཁྲིམས་བསྟར་དང་རིགས་རྒྱུད་མཐོང་ཆུང་གནད་དོན་ལ་སྐྱོན་བརྗོད་བྱས།

ལོ་ཏི་ལི་ཀི་སི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁར་མི་ནག་དག་ཉེན་རྟོག་པས་མེ་མདས་བརྒྱབ་སྟེ་གསོད་ཚད་མི་དཀར་ལས་ལྡབ་གཉིས་ཀྱིས་མང་། ཨ་མེ་རི་ཁའི་དམངས་དབང་མནའ་འབྲེལ་གྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཨ་ཧྥེ་རི་ཁ་གླིང་རྒྱུད་ཀྱི་ཨ་མེ་རི་ཁའི་མི་བཅུའི་ཁྲོད་མི་བདུན་ལ་ཤ་མདོག་དབང་གིས་ཉེན་རྟོག་པས་འདྲ་མཉམ་མིན་པའི་ལྟ་སྟངས་བཟུང་མྱོང་ཡོད། 

དུས་ཡུན་རིང་བོའི་ཚུན་ལ། ཨ་མེ་རི་ཁའི་ཉེན་རྟོག་པས་དྲག་ཤུགས་ཁྲིམས་བསྟར་དང་རིགས་རྒྱུད་མཐོང་ཐུང་གི་གནད་དོན་དབང་གིས་སྐྱོན་འཛུགས་ཐེབས་ཡོད། ཨ་མེ་རི་ཁའི་ཉེན་རྟོག་པའི་དྲག་ཤུགས་ས་ཁྲ་ཞེས་པའི་དྲ་རྒྱའི་གཞི་གྲངས་ལས་མངོན་པ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར་ཨ་མེ་རི་ཁའི་ཉེན་རྟོག་པས་མི་སྟོང་གཅིག་དང་བརྒྱ་གྱ་དྲུག་བསད་པ་དང་། དེའི་ནང་མི་ནག་གིས་བརྒྱ་ཆའི་ཉེར་དྲུག་ཟིན་ཡོད་ལ། མི་ནག་གི་ཨ་མེ་རི་ཁའི་སྤྱིའི་མི་གྲངས་ཁྲོད་ཀྱི་བསྡུར་ཚད་ནི་བརྒྱ་ཆའི་བཅུ་གསུམ་ཙམ་ལས་མེད། 


བསོད་ནམས་ཚེ་རིང་གིས་བསྒྱུར། 



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།