ཁིན་ནེ་ཡ་མཉམ་འབྲེལ་དམངས་གཙོ་མནའ་མཐུན་གྱིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་གཞོན་པ་ལིས་མེན་ཞང་གིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་དེ་ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་བཞི་ཉིན་བར་ཁིན་ནེ་ཡ་རུ་འཚམས་འདྲི་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་བསྡུས་པ་དང་། ཁིན་ནེ་ཡ་མཉམ་འབྲེལ་དམངས་གཙོ་མནའ་མཐུན་གྱི་གཙོ་འཛིན་དང་ཙུང་ཐུང་ལུའུ་ཐོ། གཙོ་འཛིན་གཞོན་པ་དང་ཙུང་ཐུང་གཞོན་པ་ཅ་ཁྲ་ཀྭ་གཉིས་ལ་ཐུག་འཕྲད་བྱས་ཤིང་། ཏང་ཁག་དེའི་སྤྱི་ཁྱབ་ཧྲུའུ་ཅི་མཱ་དབྱི་ནཱ་དང་བྱ་བའི་བཞུགས་མོལ་བྱས།
ཁིན་ནེ་ཡ་ཕྱོགས་ཀྱིས་བསྟན་དོན། ཀྲུང་གུང་གི་ཚོགས་ཆེན་ཉི་ཤུ་པས་ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་ལ་འཆར་འགོད་བྱས་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་དཔེ་ལྟ་བྱས་ཏེ། ཁིན་ནེ་ཡ་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བ་ཞིག་ཏུ་སླེབས་པར་བྱེད་འདོད་ཡོད་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།