མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པས་ཀྲུང་གོའི་ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་པའི་སྐོར་གྱི་ལངས་ཕྱོགས་ཡིག་ཆ་ནི་བྱས་རྗེས་གལ་ཆེན་ཞིག་རེད་ཅེས་བཤད།
2023.02.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡ་ལིས་ཁི་ཡིས་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་འགྲེམ་སྤེལ་བྱས་པའི་ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་པའི་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས་ཞེས་པའི་ཡིག་ཆ་ནི་བྱས་རྗེས་གལ་ཆེན་ཞིག་རེད་ཟེར།

ཏིས་ཡ་ལིས་ཁི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཏུ་སྨྱན་བྱད་ཀྱི་དྲི་བར་ལན་འདེབ་སྐབས་བཤད་རྒྱུར། ཀྲུང་གོ་སྲིད་གཞུང་གིས་བཏོན་པའི་ཇུས་གཞི་ནི་བྱས་རྗེས་གལ་ཆེན་ཞིག་ཡིན་པ་དང་། དེའི་ནང་དུ་ ཉིང་རྡུལ་མཚོན་ཆ་བཀོལ་བ་དང་ཡང་ན་འཇིགས་སྣང་སྐུལ་བར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་ནི་ཧ་ཅང་གལ་ཆེ་ཟེར།

ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། ཝུའུ་ཁི་ལན་གྱི་ཉམས་ཉེན་ཕྱོགས་ཡོངས་ནས་ཛ་དྲག་ཏུ་གྱུར་ནས་ལོ་གཅིག་འགོར་བའི་སྐབས་སུ། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡིས་ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་པའི་སྐོར་གྱི་ལངས་ཕྱོགས་ཞེས་པའི་ཡིག་ཆ་འགྲེམ་སྤེལ་བྱས་པ་རེད།

                                                                                                                  བཀྲ་ཤིས་འབུམ་གྱིས་བསྒྱུར།