ནེ་ཀྲི་རི་ཡཱ་ཡིས་ཚེས་ཉེར་ལྔ་ཉིན་ཙུང་ཐུང་འདེམ་བསྐོ་དང་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ།
ནེ་ཀྲི་རི་ཡཱའི་རྒྱལ་ཁབ་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་གཞི་གྲངས་ལྟར་ན། ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ཆེན་མོར་བསྡོམས་པས་འདེམ་དམངས་བྱེ་བ་དགུ་དང་ས་ཡ་གསུམ་ལྷག་གིས་ཐོ་འགོད་བྱས་ཡོད་ཅིང་། དེའི་ནང་མི་བྱེ་བ་བརྒྱད་དང་ས་ཡ་བདུན་ལྷག་གིས་དུས་ལྟར་འདེམ་དམངས་དཔང་ཡིག་བླངས་པ་དང་། ཚེས་ཉེར་ལྔ་ཉིན་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་པའི་ཐོབ་ཐང་ཡོད་པ་རེད།
ས་དེའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། གསར་འགོད་པས་རྒྱལ་ས་ཨ་པུའུ་ཅཱ་ཡི་འདེམ་ཤོག་འཕེན་ས་མང་བོ་ནས་མཐོང་བ་ལྟར་ན། འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣས་འདེམ་དམངས་ཀྱི་ཐོབ་ཐང་ངོས་འཛིན་བྱས་ཏེ་འདེམ་ཤོག་སྟེར་བཞིན་ཡོད་ལ། འདེམ་དམངས་རེས་འདེམ་ཤོག་གསུམ་རེ་ཁ་བསྐངས་ཏེ། ཙུང་ཐུང་དང་རྒྱལ་དམངས་གྲོས་ཁང་གི་གྲོས་ཞུགས་གྲོས་མི་དང་། དམངས་གྲོས་ཁང་གི་གྲོས་མི་བཅས་འདེམ་དགོས་པ་རེད།
སྲིད་འཛིན་ཏང་གོང་འཕེལ་ཚོགས་ཆེན་ཏང་གི་འདེམ་སྒུག་པ་པའོ་ལཱ་ཏིས་ནོའུ་པུའུ་དང་། ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་མི་དམངས་དམངས་གཙོ་ཏང་གི་འདེམ་སྒུག་པ་ཨ་ཐིས་ཁུའུ་ཨ་པུའུ་པཱ་ཁཱ་ཨར། སྲིད་དབང་བཟུང་མེད་པའི་ཏང་ཁག་གཙོ་བོ་བཟོ་བའི་ཏང་གི་འདེམ་སྒུག་པ་པིས་ཏི་ཨོ་པུས་སོགས་སྲིད་ཏང་བཅོ་བརྒྱད་ཀྱི་འདེམ་སྒུག་པས་ཙུང་ཐུང་གི་ལས་འགན་ལ་འགྲན་རྩོད་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།