ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། ཀྲུང་གོར་སྡོད་པའི་རྒྱལ་ཁབ་མང་བོའི་གཞུང་ཚབ་པས་ཀྲུང་གོའི་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་སུ་ལྟ་སྐོར་བྱས།
ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། ཀྲུང་གོར་སྡོད་པའི་རྒྱལ་ཁབ་མང་བོའི་གཞུང་ཚབ་པས་ཀྲུང་གོའི་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་སུ་ལྟ་སྐོར་བྱས།
ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། ཀྲུང་གོར་སྡོད་པའི་རྒྱལ་ཁབ་མང་བོའི་གཞུང་ཚབ་པས་ཀྲུང་གོའི་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་སུ་ལྟ་སྐོར་བྱས།
ཀྲུང་གོར་སྡོད་པའི་གཞུང་ཚབ་པ་ཉི་ཤུ་དང་། ཀྲུང་གོར་སྡོད་པའི་གཞུང་ཚབ་གི་གནས་སྐབས་ཚབ་སྒྲུབ་པ་བདུན་བཅས་འདུས་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བརྒྱ་དང་བཅུའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དག་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན་ཀྲུང་གོའི་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟི་རུ་སོང་ནས། ཡུལ་དངོས་ནས་ཀྲུང་གོའི་ཁེ་ལས་ཀྱི་འགྲིམ་འགྲུལ་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་རྒྱུས་ལོན་བྱས།
ཆེད་དོན་འགྲེམ་སྟོན་ཚོམས་ཁང་ནས་དཔེ་དབྱིབས་དང་པར་རིས། བརྙན་ཐུང་བཅས་སོ་སོ་ལས་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དག་ལ་ཀྲུང་གོའི་ཁེ་ལས་དེས་མྱུར་བགྲོད་གཞུང་ལམ་དང་ལམ་ལྕགས་ལྡན་པའི་འགྲིམ་འགྲུལ། གྲུ་ཁ་དང་གནམ་གྲུ་ཐང་། རིག་ནུས་གྲོང་ཁྱེར་སོགས་ཐད་ཀྱི་འཛུགས་སྐྲུན་གནས་ཚུལ་མངོན་པར་བྱས། ཀྲུང་གོའི་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་ཀྱི་ཁོངས་གཏོགས་ཁེ་ལས་ལིང་ཡེ་ཚན་རྩལ་སྡེ་ཚོགས་སུ། ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དག་གིས་འོད་ཀྱི་རིག་ནུས་ཁང་དང་། གྲོང་ཁྱེར་གསར་བསྒྱུར་ཁང་དུ་ལྟ་སྐོར་བྱས་ནས། འོད་ཀྱི་ཚན་རྩལ་གྱི་ཁམས་གསོ་དང་གཞུང་སྒྲུབ། འཚོ་བ། ཚོང་ལས་སོགས་ཁྱབ་ཁོངས་ཀྱི་བེད་སྤྱོད་ལ་མྱོང་ཚོར་ཟབ་མོ་བྱུང་བར་མ་ཟད་དུས་ངེས་མེད་དུ་དངོས་སུ་མྱོང་རོལ་བྱས།
བརྗེ་རེས་བྱེད་སྐབས་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དག་གིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་སྟེང་གི་འཕེལ་རྒྱས་ལས་འཛམ་གླིང་ལ་གོ་སྐབས་གསར་གཏོད་བྱེད་ཅིང་། བརྒྱུད་གཅིག་ལམ་གཅིག་གི་མཉམ་འཛུགས་ལ་བརྟེན་ནས་རྒྱལ་ཁབ་མི་འདྲ་བར་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་། ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་སོ་སོར་ལག་རྩལ་དང་ཉམས་མྱོང་། ཚད་གཞི་བཅས་བསྐྲུན་པ་དང་། ལས་ཞུགས་ལས་གནས་ཁ་སྣོན་བྱས་པའི་ཞོར་དུ་ས་དེའི་མི་སྣའི་ངལ་རྩོལ་རྩལ་ནུས་ཀྱང་ལྡབ་འགྱུར་གྱིས་ཇེ་མཐོར་བཏང་ཡོད་ཟེར།
ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དག་གིས་ཀྲུང་གོའི་བར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རེ་འདུན་དྲག་པོ་ཡོད་པའི་ཚུལ་བསྟན་པར་མ་ཟད། ཀྲུང་གོའི་ཁེ་ལས་དང་མཉམ་དུ་ལྷད་མེད་ཐཱན་ཉུང་དང་། གྲངས་ལྡན་ཅན་གྱི་རིམ་འཕར་སོགས་ཐད་ཀྱི་མཉམ་ལས་ལ་གྲོས་བསྡུར་བྱས་ནས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུའི་རེ་བ་ཡོད་པའི་ཚུལ་བསྟན།
ཀྲུང་གོའི་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། སྡེ་ཚོགས་དེས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་ང་བདུན་ནས་ངོ་བོ་རང་བཞིན་ལྡན་པའི་བྱེད་སྒོ་སྤེལ་ཡོད། བརྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་བཏོན་པའི་ཚུན་ལ། འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་དུ་མ་དངུལ་བཏང་ནས་རྨང་གཞིའི་སྒྲིག་ཆས་ཀྱི་ས་གཞི་སྟོང་གསུམ་ལྷག་འཛུགས་སྐྲུན་བྱས་ཡོད། དེའི་ནང་གཞུང་ལམ་འཛུགས་སྐྲུན་བྱས་པའི་ལམ་ཚད་སྤྱི་ལེ་ཁྲི་གཅིག་དང་སྟོང་གསུམ་ལས་བརྒལ་བ་དང་། ཟམ་པ་ཉིས་བརྒྱ་ལྷག གྲུ་ཁ་གཙོ་བོ་བརྒྱ་དང་ལྔ་བཅུ་བཅས་འཛུགས་སྐྲུན་བྱས་ཡོད། ལས་གཞི་དེ་དག་གི་ཁྲོད། མཱ་ལེ་ཞི་ཡཱའི་ཤར་ཕྱོགས་མཚོ་འགྲམ་གྱི་ལྕགས་ལམ་དང་། ཁུན་ནེ་ཡཱའི་མིན་ནེ་ལྕགས་ལམ། ནེ་ཀྲི་རི་ཡཱའི་ལའེ་ཅི་མཚོ་ཁའི་གྲུ་ཁ། ཕཱ་ཁི་སི་ཐན་གྱི་ཁཱ་ལཱ་ཁུ་ནུ་གཞུང་ལམ། སིང་ག་ལཱའི་ཁི་ལོན་ཕའོ་གྲུ་ཁའི་མཁར། མར་ཏའེ་ཝེའི་ཀྲུང་གོ་དང་མཱ་ལེ་ཞི་ཡཱའི་མཛའ་མཐུན་ཟམ་ཆེན་སོགས་རྒྱལ་ཁབ་དང་ས་ཁུལ་དག་གི་མཚོན་རྟགས་རང་བཞིན་ལྡན་པའི་བཟོ་སྐྲུན་དུ་གྱུར་ཡོད་ཟེར།
ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དག་རྒྱལ་ཁབ་ཁེ་ལས་སུ་བསྐྱོད་པ་ཞེས་པའི་མུ་འབྲེལ་བྱ་འགུལ་དེ་ཀྲུང་གོའི་ཕྱི་འབྲེལ་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་རྩ་འཛུགས་བྱས་པ་ཡིན་ལ། དམིགས་ཡུལ་ནི་ཀྲུང་དབྱང་ཁེ་ལས་དང་ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པས་ཕན་ཚུན་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་གསར་བསྐྲུན་བྱེད་པའི་ཆེད་དུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།