སེ་ཕུའུ་ལུའུ་སིའི་གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་ཡིས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་སེ་ཕུའུ་ལུའུ་སིའི་རྒྱལ་ས་ནེ་ཁི་ཞི་ཡཱ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་ཡིས་གྲོས་ཁང་གི་དམིགས་བསལ་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་སྐབས་བསྟན་དོན། ཁོས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་འཇོག་དང་ལག་བསྟར་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱི་སྒེར་ཚུགས་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ལ། སེ་ཕུའུ་ལུའུ་སིའི་གནད་དོན་ཐད་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པ་ནི་ངའི་ལས་འགན་གཙོ་བོ་ཡིན་ཟེར།
ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་ད་ལོར་ལོ་ཞེ་དགུ་ཡིན་པ་དང་། དབྱེ་ཞིབ་མི་སྣས་བལྟས་ན། ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་ཡིས་སྐབས་སྔོན་མའི་སྲིད་གཞུང་ནས་ལས་འགན་ཁུར་མྱོང་བ་དང་། ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་བར་གཞིགས་ནས་ཚོད་དཔག་བྱས་ན་སྲིད་གཞུང་གསར་བའི་ཕྱི་ཕྱོགས་སྲིད་ཇུས་ཐད་འགྱུར་ལྡོག་ཆེན་པོ་འབྱུང་མི་སྲིད་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།