ཟླ་གསུམ་པའི་ཚེས་གཉིས་ཉིན། ཡོ་ནན་གྱི་རྒྱལ་ས་ཧི་ནེ་ནས། གསར་དུ་བདམས་ཐོན་བྱུང་བའི་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་གིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
ཡོ་ནན་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། ཡོ་ནན་གྱི་སྐབས་བཅོ་ལྔ་བའི་རྒྱལ་ཚོགས་ཀྱི་དམིགས་བསལ་གྲོས་ཚོགས་ཐེངས་བཞི་བ་ཉིན་དེའི་སྔ་དྲོར་རྒྱལ་ས་ཧི་ནེ་ནས་ཚོགས་པ་དང་། འདེམ་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ཝུའུ་ཝུན་ཧྲང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་ཡོད་ལ། ཝུའུ་ཝིན་ཧྲང་གིས་དེའི་རྗེས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད།
ཝུའུ་ཝུན་ཧྲང་ནི་གཅིག་སྟོང་དགུ་བརྒྱ་བདུན་ཅུ་ལོའི་ཟླ་བཅུ་གཉིས་པར་སྐྱེས་པ་དང་། སྔོན་ཆད་ཧུའུ་ཀྲི་མེན་གུང་གཞོན་ཚོགས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ། ཡོ་ནན་གུང་ཁྲན་ཏང་ཀོང་དབྱེ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཧུའུ་ཀྲི་མེན་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དྲིལ་སྒྲོག་སློབ་གསོ་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་ཁུར་མྱོང་། ཉིས་སྟོང་དྲུག་ལོར། ཝུའུ་ཝིན་ཧྲང་ཡོ་ནན་གུང་ཁྲན་ཏང་སྐབས་བཅུ་བའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དུ་བདམས་པ་དང་། ཡོ་ནན་གུང་ཁྲན་ཏང་གི་སྐབས་བཅུ་གཅིག་པ་དང་སྐབས་བཅུ་གཉིས་པ། སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ཡིན་ལ། ཡོ་ནན་གུང་ཁྲན་ཏང་སྐབས་བཅུ་གཉིས་པ་དང་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ཡིན། ཉིས་སྟོང་ཉེར་གཅིག་ལོའི་ཟླ་གཉིས་པ་ནས་བཟུང་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅིའི་འགན་ཁུར་བ་དང་། ཁོས་ཐེངས་མང་བོར་ཀྲུང་གོར་འཚམས་འདྲི་བྱས་མྱོང་།
བསོད་ནམས་ཚེ་རིང་གིས་བསྒྱུར།