ཁྲའོ་ཞན་ངལ་རྩོལ་ཏང་གིས་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ་ཞིང་ལས་ཐོན་སྐྱེད་གནད་དོན་ནན་བཤད་བྱས། 
2023.03.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཁྲའོ་ཞན་ངལ་རྩོལ་ཏང་གིས་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཟླ་གསུམ་པའི་ཚེས་གཅིག་ཉིན་བར་ཕེན་རང་ནས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཞིང་ལས་དང་ཐོན་སྐྱེད་སོགས་གནད་དོན་གཙོར་བཟུང་ནས་གྲོས་བསྡུར་བྱས། 

ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་གྱིས་ད་ལོའི་ཞིང་ལས་ཐོན་སྐྱེད་ཀྱི་མིག་སྔའི་ལས་འགན་དང་ཞིང་ལས་འཕེལ་རྒྱས་སྐོར་གྱི་རྒྱང་རིང་དམིགས་འབེན་ཞེས་པའི་སྙན་ཞུ་ཕུལ་ནས། འབྲུ་རིགས་ཐོན་སྐྱེད་དམིགས་འབེན་མངོན་འགྱུར་བྱེད་པ་དེ་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་འགན་དང་པོར་བྱེད་དགོས་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་ཆུ་གཏོང་མ་ལག་འཐུས་ཚང་དུ་གཏོང་བ་དང་ཞིང་ལས་ཐོན་སྐྱེད་ཀྱི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་བྱེད་པ། ཞིང་ལས་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བོགས་ཞིང་ལས་འཕེལ་རྒྱས་ཀྱི་རྒྱང་རིང་དམིགས་འབེན་དངོས་འབེབས་གང་ལེགས་བྱེད་དགོས་པའི་རེ་བ་བཏོན། 

གྲོས་ཚོགས་ནས་ད་རུང་ཟོལ་མེད་ཀྱིས་རྒྱལ་དམངས་དཔལ་འབྱོར་འཆར་གཞི་ལག་བསྟར་དང་རྒྱལ་ཁབ་ནོར་སྲིད་དངུལ་ལོར་བྱ་བ་ལེགས་བཅོས་བྱེད་པ། ངལ་རྩོལ་ཏང་རྩ་འཛུགས་ཀྱི་མི་དོན་སོགས་གནད་དོན་ལ་གྲོས་བསྡུར་བྱས། 


བསོད་ནམས་ཚེ་རིང་གིས་བསྒྱུར།