ཁུ་པཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་རྫུན་གཏམ་གཞིར་བྱས་ཏེ་ཁུ་པཱར་ཐལ་དྲགས་པའི་བཀག་སྡོམ་བྱེད་ཐབས་སྤྱད་པ་ལས་བཟོས་པའི་གནོད་པ་དེ་ཁ་གསབ་བྱེད་ཐབས་མེད་པའི་ཚུལ་བསྟན།
2023.03.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་ཚེས་གཉིས་ཉིན་ཨ་མེ་རི་ཁའི་གསང་འཕྲིན་ལས་ཁུངས་ཀྱིས་ཧཱ་ཝ་ནཱའི་ཕྱོགས་བསྡུས་གནད་དོན་དེ་ཕྱིའི་དགྲ་བོ་དང་འབྲེལ་བ་མེད་པར་ཁས་ལེན་བྱས་པའི་གནད་དོན་ཐད་ནས་བཤད་རྒྱུར། སྤྱི་བསྡོམས་ནི་དེའི་སྔོན་ཁུ་པཱ་ཕྱོགས་ཀྱིས་རྟོག་ཞིབ་བྱས་པའི་མཇུག་འབྲས་དང་གཅིག་མཚུངས་ཡིན་ཡང་། ཨ་མེ་རི་ཁས་རྫུན་གཏམ་གཞིར་བྱས་ཏེ་ཁུ་པཱར་ཐལ་དྲགས་པའི་བཀག་སྡོམ་བྱེད་ཐབས་སྤྱད་པ་ལས་བཟོས་པའི་གནོད་པ་དེ་ཁ་གསབ་བྱེད་ཐབས་མེད་ཟེར།

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་གསང་འཕྲིན་ལས་ཁུངས་བདུན་གྱིས་རྟོག་ཞིབ་བྱས་རྗེས་བསྟན་དོན། དེའི་སྔོན་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་བཅའ་སྡོད་བྱེད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་པོ་སོ་སོར་ཧཱ་ཝ་ནཱའི་ཕྱོགས་བསྡུས་གནད་དོན་བྱུང་ཡོད་ལ། དེ་ནི་ཕྱི་རྒྱལ་གྱི་དགྲར་འཛིན་སྟོབས་ཤུགས་ཀྱིས་འཆར་འགོད་བྱས་ནས་བཟོས་པའི་ངེས་པ་ཆེར་མེད་པར་འདོད། དེའི་འབྱུང་རྐྱེན་རྣམ་པ་སྣ་ཚོགས་ཡོད་སྲིད་ཟེར།

ལོ་ཏི་ལི་ཀི་སི་ཡིས་ཚེས་གཉིས་ཉིན་དྲ་ཚིགས་ནས་བཤད་རྒྱུར། ཨ་མེ་རི་ཁ་སྲིད་གཞུང་གིས་གཞི་འཛིན་ས་ཅི་ཡང་མེད་པའི་སྐྱོན་འཛུགས་གང་འདོད་དུ་བྱས་ནས་ཁུ་པཱ་ལ་བཀག་སྡོམ་བྱེད་ཐབས་སྤྱད་པ་ལས་ཁུ་པཱ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་སོང་ཡོད། ཨ་མེ་རི་ཁའི་གསང་འཕྲིན་ལས་རིགས་ཀྱིས་ཁུ་པཱ་དང་རྒྱལ་ཁབ་གཞན་པར་སྡོད་པའི་ཨ་མེ་རི་ཁའི་ཕྱི་འབྲེལ་བློན་ཆེན་ལ་དམིགས་པའི་འཇབ་རྒོལ་བྱུང་མེད་པ་ཁས་ལེན་བྱས་ཀྱང་། ཨ་མེ་རི་ཁའི་སྲིད་གཞུང་གིས་རྫུན་གཏམ་གཞིར་བྱས་ཏེ་ཁུ་པཱར་ཐལ་དྲགས་པའི་བཀག་སྡོམ་བྱེད་ཐབས་སྤྱད་པ་ལས་ཁུ་པཱའི་མི་དམངས་ལ་བཟོས་པའི་གནོད་པ་དེ་ཁ་གསབ་བྱེད་ཐབས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།