ཨུ་རུ་སི་ཡིས་གཏོར་བརླག་ཉེས་ཅན་དག་ཝུའུ་ཁི་ལན་ནས་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་དུ་ཡོང་ཡོད་པའི་ཚུལ་བསྟན་ཡང་ཝུའུ་ཁི་ལན་ཕྱོགས་ཀྱིས་ཁས་ལེན་བྱས་མེད།
2023.03.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

ཐཱ་སི་གསར་འགྱུར་ཁང་གིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། གཏོར་བརླག་ཉེས་ཅན་བཅུ་ཕྲག་འགའ་ཉིན་དེར་ཝུའུ་ཁི་ལན་ནས་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་གྱི་པུའུ་ལིང་སི་ཁི་མངའ་སྡེ་རུ་ཡོང་བ་རེད་ཟེར། ཝུའུ་ཁི་ལན་ཕྱོགས་ཀྱི་དཔོན་རིགས་ཀྱིས་ཉིན་དེར་དོན་དེ་ཁས་ལེན་བྱས་མེད།

ཨུ་རུ་སིའི་དྲག་ཤུགས་སྡེ་ཁག་གིས་བསྒྲགས་པ་ལྟར་ན། གཏོར་བརླག་ཉེས་ཅན་དེ་དག་ཝུའུ་ཁི་ལན་གྱི་ཆེ་ཨར་ནེ་ཀི་ཧྥུའུ་མངའ་སྡེ་ནས་ཨུ་རུ་སིའི་མངའ་ཁོངས་སུ་ཡོང་བ་དང་། ས་དེའི་སྡོད་དམངས་དྲུག་མི་གཏའ་རུ་བྱས་ཡོད་ལ་མི་སེར་དཀྱུས་མར་ཤི་རྨས་བཟོས་ཡོད་ཟེར། གཞན་ཡང་ཨུ་རུ་སིའི་པུའུ་ལིང་སི་ཁི་མངའ་སྡེའི་མགོ་བ་པའོ་ཀི་མཱ་ཙི་ཡིས་ཚེས་གཉིས་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཝུའ་ཁི་ལན་ནས་ཡོང་བའི་གཏོར་བརླག་ཉེས་ཅན་གྱིས་ཉིན་དེར་པུའུ་ལིང་སི་ཁི་མངའ་སྡེའི་ཁི་ལི་མའོ་ཧྥུའུ་སི་ཅི་ས་ཁུལ་ནས་མི་སེར་དཀྱུས་མ་གཉིས་ལ་ཤི་རྨས་བཟོས་ཡོད་ཟེར།

ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་བཟོས་པའི་ཝུའུ་ཁི་ལན་གྱི་གཏོར་བརླག་ཉེས་ཅན་དག་ཉིན་དེར་ཕྱིར་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་སོང་བ་རེད་ཟེར།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་གཉིས་ཉིན་བསྟན་དོན། ཝུའུ་ཁི་ལན་གྱི་གཏོར་བརླག་ཉེས་ཅན་གྱིས་པུའུ་ལིང་སི་ཁི་མངའ་སྡེ་ནས་འཇབ་རྒོལ་དོན་རྐྱེན་ཞིག་བཟོས་པ་དང་། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་བཤད་རྒྱུར། ཨུ་རུ་སིའི་དྲག་ཤུགས་སྡེ་ཁག་གིས་རྟོག་ཞིབ་བྱས་ཏེ་འཇབ་རྒོལ་མཁན་གྱི་ཐོབ་ཐང་ལ་ངོས་འཛིན་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།