ཀྲུང་གོའི་ཀྲུང་ཁྲེ་ཁྲང་ཁྲོན་ལམ་ལྕགས་འགྲུལ་འཁོར་མ་རྐང་ཚད་ཡོད་ཀུང་ཟི་ཡིས་ཚེས་གསུམ་ཉིན་པཱ་ཞིའི་ལི་ཡའོ་རི་ནེ་ལུའུ་ནས་ཀྲུང་གོ་དང་པཱ་ཞིའི་རིག་ནུས་གྲོང་ཁྱེར་གྱི་ཚན་རྩལ་དང་རིག་གནས་བརྗེ་རེས་ཚོགས་འདུ་སྤེལ་ནས། རིག་ནུས་གྲོང་ཁྱེར་གྱི་ཚན་རྩལ་དང་རིག་གནས་བརྗེ་རེས་ལྟེ་གནས་ལ་སྒོ་བྱང་བཀལ།
ཀྲུང་གོའི་ཀྲུང་ཁྲེ་ཁེ་ལས་རིག་གནས་པུའུ་ཡི་པུའུ་ཀྲང་ཀའོ་ཁུན་གྱིས་ཉིན་དེར་བརྗེ་རེས་ཚོགས་འདུའི་སྟེང་བཤད་རྒྱུར། ཀྲུང་གོའི་ཀྲུང་ཁྲེ་ཡིས་རང་འགུལ་གྱིས་པཱ་ཞིའི་འཕེལ་རྒྱས་རེ་བ་བསྟུན་ཞིང་། གྲོང་ཁྱེར་གྱི་ཁྱད་ཆོས་མི་འདྲ་བ་དང་སྐྱེལ་འདྲེན་དགོས་མཁོ་མི་འདྲ་བར་གཞིགས་ནས། ཐུན་མིན་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་ཐོན་རྫས་གསར་སྐྲུན་བྱེད་འདོད་ཡོད་ཟེར།
ལི་ཡའོ་རི་ནེ་ལུའུ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཐེན་མེན་གྱིས་བསྟན་དོན། ཀྲུང་གོ་དང་པཱ་ཞིའི་བར་རིག་ནུས་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ་རྒྱ་ཆེ་བའི་མཉམ་ལས་མདུན་ལྗོངས་ཡོད། ཀྲུང་ཁྲེ་ཁྲང་ཁྲོན་ལམ་ལྕགས་འགྲུལ་འཁོར་གྱིས་རིག་ནུས་གྲོང་ཁྱེར་གྱི་ཚན་རྩལ་དང་རིག་གནས་བརྗེ་རེས་ལྟེ་གནས་བཙུགས་ཏེ། ཀྲུང་གོའི་ཁེ་ལས་དང་པཱ་ཞིའི་མཉམ་ལས་གྲོགས་པོའི་བར་བརྗེ་རེས་སྟེགས་བུ་བསྐྲུན་ཡོད། དེ་ལས་ཕྱོགས་གཉིས་ཀྱིས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་རེ་འདོན་མཚོན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་ནས་མཉམ་ལས་སྤུས་ཚད་མཐོར་འདེགས་བྱེད་པར་ཕན་ཐོགས་ཡོད་ཟེར།
སྔོན་ཆད་ལི་ཡའོ་ཡའོ་ས་འོག་ལྕགས་ལམ་དུ་ལག་བསྟར་ཏུང་ཧྲི་ཡི་འགན་ཁུར་མྱོང་བའི་ཧྥོ་ལོ་ལོས་སི་ཡིས་བསྟན་དོན། པཱ་ཞིའི་ས་རྒྱ་ཆེ་ཞིང་ལྕགས་ལམ་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ་ཆེ་བ་དང་། ཚོང་རའི་སྦས་ཤུགས་ཆེན་པོ་ཡོད། ཀྲུང་གོའི་ཁེ་ལས་ཀྱི་ལག་རྩལ་གྱིས་པཱ་ཞིའི་ལྕགས་ལམ་འཕེལ་རྒྱས་ཐད་རོགས་སྐྱོར་འདོན་སྤྲོད་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཀྲུང་གོའི་ཀྲུང་ཁྲེ་ཡི་དཀྱིལ་སྙིང་ཡན་ལག་ཀུང་ཟི་ཡིན་པའི་ཆ་ནས། ཀྲུང་ཁྲེ་ཁྲང་ཁྲོན་འགྲུལ་སྐྱེལ་གྱིས་རིམ་བསགས་ཀྱིས་པཱ་ཞིའི་ལི་ཡའོ་རི་ནེ་ལུའུ་མངའ་སྡེ་རུ་ལམ་ལྕགས་ལྡན་པའི་འགྲུལ་སྐྱེལ་འཁོར་ལོར་དྲུག་བརྒྱ་དང་བཞི་འདོན་སྤྲོད་བྱས་ཡོད་ལ། ཐོན་རྫས་དང་ཞབས་ཞུར་ལི་ཡའོ་གྲོང་ཁྱེར་སྡོད་དམངས་དང་གནས་དེར་ཡོང་བའི་གནས་སྐོར་བའི་ཁས་ལེན་ཐོབ་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།