མཱ་ཧྲ་ཏིས་ལའེ་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གཞོན་པར་བསྐོ་འཇོག་བྱས།
2023.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས་ཚེས་དྲུག་ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། ཁོས་སྲིད་འཛིན་ཏང་ཨ་ཧྥེ་རི་ཁ་ལྷོ་མའི་ཨ་ཧྥེ་རི་ཁ་གླིང་བའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་གཞོན་པ་མཱ་ཧྲ་ཏིས་ལའེ་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གཞོན་པར་བསྐོ་འཇོག་བྱས།

ལཱ་མཱ་ཧྥུའུ་སཱ་ཡིས་ཉིན་དེར་སྲིད་འཛིན་རྒྱལ་ས་པུས་ལེ་ཐའོ་ལེ་ཡཱ་ནས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ་སྲིད་འཛིན་ལས་ཁུངས་ལ་བཅོས་སྒྲིག་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཁོས་ད་རུང་པུའུ་ཀྲང་བཅུ་གཅིག་དང་པུའུ་ཀྲང་གཞོན་པ་བཅུ་གཉིས་བསྐོ་འཇོག་བྱས།

ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པར་སྤེལ་བའི་ཨ་ཧྥེ་རི་ཁ་ལྷོ་མའི་ཨ་ཧྥེ་རི་ཁ་གླིང་བའི་རྒྱལ་དམངས་ཚོགས་ཆེན་གྱི་སྐབས་ང་ལྔ་བའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྟེང་། མཱ་ཧྲ་ཏིས་ལའེ་ཨ་ཧྥེ་རི་ཁ་ལྷོ་མའི་ཨ་ཧྥེ་རི་ཁ་གླིང་བའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་གཞོན་པར་བདམས་པ་རེད།

མཱ་པུའུ་ཀྲ་ཡིས་ཟླ་གཉིས་པའི་ཟླ་མགོར་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གཞོན་པའི་ལས་འགན་བསྐྱུར་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཟླ་གསུམ་པའི་ཚེས་གཅིག་ཉིན། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་སྤེལ་ཏེ་མཱ་པུའུ་ཀྲ་ཡིས་ལས་འཁྱུར་དགོངས་ཞུ་བྱས་པ་ཁས་ལེན་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།