ཕྱི་རྒྱལ་གྱི་མགོ་ཁྲིད་པས་ཞི་ཅིན་ཕིང་རྒྱལ་ཁབ་ཀྲུའུ་ཞིར་བདམས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།
2023.03.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

རྒྱལ་ཁབ་རེ་འགའི་མགོ་ཁྲིད་པས་བསྟུད་མར་གློག་འཕྲིན་བཏང་སྟེ། ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

ཙན་པུ་ཡཱའི་ཙུང་ཐུང་ཞི་ཆི་ལའེ་མཱ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཀྲུའུ་ཞིའི་མགོ་ཁྲིད་འོག ཀྲུང་གོ་དེ་འཛམ་གླིང་དཔལ་འབྱོར་གྱི་ཟབ་ཞུགས་མཁན་གཙོ་བོ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་དཔལ་འབྱོར་རྣམ་པའི་མིག་དཔེ་རུ་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ཡང་བསྐྱར་བདམས་པ་དེ་ལས་ཀྲུང་གོའི་མི་དམངས་ཀྱིས་མུ་མཐུད་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་ཞི་བདེ་དང་བདེ་འཇགས། དར་རྒྱས་འཕེལ་རྒྱས་བཅས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་འདོད་ཡོད་པ་མཚོན་ཡོད། ཙན་པུ་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་སྔར་ལས་དམ་ཟབ་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

རུ་ཝང་ཏཱའི་ཙུང་ཐལུང་ཁཱ་ཅཱ་མཱེ་ཡིས་བསྟན་དོན། ཁྱེད་ཉིད་བདམས་པ་ལས་ཀྲུང་གོའི་མི་དམངས་ཀྱིས་ཁྱེད་ཉིད་ལ་ཡིད་ཆེས་ཆེན་པོ་བྱེད་པ་དང་། ཁྱེད་ཉིད་ཀྱིས་ཀྲུང་གོའི་མགོ་ཁྲིད་དེ་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་ཡིད་ཆེས་ཡོད། བདག་གིས་ཁྱེད་ཉིད་དང་མཉམ་ལས་ཟབ་མོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕུལ་བྱུང་མཛའ་མཐུན་འབྲེལ་བར་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

ཧན་གོའི་ཙུང་ཐུང་ཡུན་ཞི་ཡའོ་ཡིས་བསྟན་དོན། ཁྱེད་ཉིད་ཡང་བསྐྱར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུ། ན་ནིང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སྐབས་སུ། བདག་གིས་ཁྱེད་དང་མཉམ་དུ་ཧན་གོ་དང་ཀྲུང་གོའི་མགོ་གཙོའི་གྲོས་མོལ་ཐོག་མར་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ནས་གྲོས་མོལ་གང་ལེགས་བྱས། ཕྱིན་ཆད་མུ་མཐུད་དུ་ཁྱེད་བར་གྱི་འབྲེལ་འདྲིས་སྲུང་འཛིན་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་ཟེར།

བྷང་ག་ལཱ་རྒྱལ་ཁབ་ཀྱི་ཙུང་ལི་ཧཱ་ཞི་ནཱ་ཡིས་བསྟན་དོན། ཁྱེད་ཉིད་ཡང་བསྐྱར་བདམས་ཐོན་བྱུང་ལས་ཀྲུང་གོའི་མི་དམངས་ཡོངས་ཀྱིས་ཁྱེད་ཉིད་ལ་ཡིད་ཆེས་བརྟན་པོ་ཡོད་པ་མཚོན་ཡོད། ཁྱེད་ཉིད་ཀྱི་མིག་རྒྱང་རིང་བོས་རླབས་ཆེ་བའི་ཀྲུང་གོའི་སྣེ་ཁྲིད་དེ་མུ་མཐུད་དུ་མདུན་བསྐྱོད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་ཐུབ་ངེས་རེད་ཟེར།

ཀི་ལིན་ནཱ་ཏཱའི་ཙུང་ལི་མུས་ཆེ་ཨར་གྱིས་བསྟན་དོན། ཀྲུང་གོའི་མི་དམངས་ཀྱིས་ཁྱེད་ཉིད་གྱི་མིག་རྒྱང་རིང་བོའི་བློ་རྒྱར་ཡིད་ཆེས་བྱེད་པ་དང་། ཁྱེད་ཉིད་ཀྱི་འགན་འཁྲིའི་འདུ་ཤེས་དྲག་པའི་མགོ་ཁྲིད་ཀྱིས་ཀྲུང་གོར་སྔར་ལས་ཆེ་བའི་འཕེལ་རྒྱས་འབྱུང་བར་ཁག་ཐེག་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཁུ་པཱའི་གསར་བརྗེའི་གཙོ་འཛིན་ལའོ་ཨར་ཁཱ་སི་ཐི་ལོ་ཡིས་བསྟན་དོན། ཁྱེད་ཉིད་ཀྱིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་ཆེད་དུ་དཀའ་སྤྱད་འབད་བརྩོན་བྱས་ཤིང་། འཛམ་གླིང་ཡོངས་ཀྱི་གྲོས་གཞི་མང་བོར་སྐུལ་འདེད་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་སུ་རྒྱལ་ཁབ་མང་ཆེ་བའི་རྒྱབ་སྐྱོར་ཐོབ་ཡོད། ཁུ་པཱ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བར་རྩ་ཆེ་བའི་ལོ་རྒྱུས་ཀྱི་རྒྱུན་འཛིན་དང་འཐབ་ཇུས་རང་བཞིན་གྱི་ཁྱད་ཆོས། རྒྱུན་མཐུད་རང་བཞིན་གྱི་འགན་སྲུང་བཅས་ཡོད་ལ། ཁུ་པཱ་ཡིས་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་འབྲེལ་བར་མཐོང་ཆེན་དང་མུ་མཐུད་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་ཀའེ་ཐི་ཡིས་བསྟན་དོན། ཁྱེད་ཉིད་ཡང་བསྐྱར་བདམས་ཐོན་བྱུང་བ་ནི་ཀྲུང་གོའི་མི་དམངས་ཁྱེད་ཉིད་ཀྱི་མགོ་ཁྲིད་དང་རྒྱལ་སྲིད་སྲིད་འཛིན་གྱི་བློ་གྲོས་ལ་ཡིད་ཆེས་ཡོད་པའི་བདེན་དཔང་ཆེས་བཟང་བོ་ཞིག་ཡིན། མཛའ་མཐུན་ལྡན་པའི་ཀྲུང་གོའི་མི་དམངས་ལ་སྔར་ལས་ཆེ་བའི་འཕེལ་རྒྱས་དང་དར་རྒྱས་འབྱུང་བའི་སྨོན་འདུན་ཞུ་བཞིན་ཡོད་ལ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཨ་རབ་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།