ཨུ་རུ་སི་ཡིས་པེ་ཞེ་རང་བྱུང་སོལ་རླངས་སྦུག་ལམ་ལ་གཏོར་བརླག་བཏང་བའི་འགས་གཏོར་སྒྲིག་ཆས་ཀྱི་ཆག་རོ་རྙེད་ཡོད་པའི་ཚུལ་བསྟན།
2023.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 51

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། པེ་ཞེ་རང་བྱུང་སོལ་རླངས་སྦུག་ལམ་ཀུང་ཟིའི་ཏན་མག་ཆེད་གཏོགས་དཔལ་འབྱོར་ས་ཁོངས་ནས་འགས་གཏོར་ཐེབས་པའི་སྦུག་ལམ་ལ་རྟོག་ཞིབ་བྱས་པ་དང་། འགས་གཏོར་བྱུང་སའི་ཡུལ་དངོས་དང་བར་ཐག་སྤྱི་ལེ་སུམ་ཅུ་ཡོད་པའི་གནས་ནས་དོགས་ཡོད་ཀྱི་འགས་གཏོར་འགད་རྫས་ཀྱི་ཆག་རོ་རྙེད་ཡོད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མྱུར་མོར་གྲོས་ཆོད་བཀོད་དེ། སྒེར་ཚུགས་ཀྱི་རྟོག་ཞིབ་ཨུ་ཡོན་ལྷན་ཁང་འཛུགས་དགོས་པའི་འབོད་སྐུལ་བཏང་།

ཨ་མེ་རི་ཁའི་སྨྱན་བྱད་སོགས་ཀྱི་ཝུའུ་ཁི་ལན་ལ་བློ་ཉེ་བའི་ཚོགས་ཁག་གིས་པེ་ཞེ་རང་བྱུང་སོལ་རླངས་སྦུག་ལམ་ལ་གཏོར་བརླག་བྱས་པར་བསྒྲགས་པའི་གནས་ཚུལ་ལ་དམིགས་ཏེ། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཕཱ་ཐི་ལུའུ་ཧྲི་ཧྥུའུ་ཡིས་བསྟན་དོན། ཨ་མེ་རི་ཁས་འཇར་མན་གྱི་མགོ་ཁྲིད་པས་ཨ་མེ་རི་ཁའི་ཕྱོགས་ལ་ཕན་པའི་པེ་ཞེ་རང་བྱུང་སོལ་རླངས་སྦུག་ལམ་འགས་གཏོར་དོན་རྐྱེན་གྱི་པར་གཞི་དེ་དང་ལེན་བྱེད་པར་བཙན་སྐུལ་བྱེད་བཞིན་ཡོད་པའི་ཚུལ་བསྟན།

རྒྱལ་སྤྱིའི་མི་སྣས་བསྟན་དོན། ཨ་མེ་རི་ཁས་པེ་ཞེ་རང་བྱུང་སོལ་རླངས་སྦུག་ལམ་གྱི་འགས་གཏོར་དོན་རྐྱེན་ལ་ཁ་གཡར་ནས་ཡོ་རོབ་གླིང་ལ་ཚོད་འཛིན་བྱེད་རྩིས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།