ཉིས་སྟོང་ཉེར་གསུམ་ལོའི་བདེ་འཇགས་སྦྲེལ་ཐག་ཅེས་པའི་མཚོ་ཐོག་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཨ་མན་མཚོ་ཁུགས་ནས་སྤེལ།
2023.03.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཀྲུང་གོ་དང་དབྱི་ལིང་། ཨུ་རུ་སི་སོགས་རྒྱལ་ཁབ་ཀྱི་དམག་དཔུང་བར་ཐུན་མོང་ལྟ་ཚུལ་བྱུང་བ་ལྟར། ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དགུ་ཉིན་བར། ཀྲུང་གོ་དང་དབྱི་ལིང་། ཨུ་རུ་སི་སོགས་རྒྱལ་ཁབ་ཀྱི་མཚོ་དམག་གིས་ཨ་མན་མཚོ་ཁོངས་ནས་ཉིས་སྟོང་ཉེར་གསུམ་ལོའི་བདེ་འཇགས་སྦྲེལ་ཐག་ཅེས་པའི་མཚོ་ཐོག་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་དང་། ཉིས་སྟོང་ཉེར་གསུམ་ལོའི་བདེ་འཇགས་སྦྲེལ་ཐག་ཅེས་པའི་མཚོ་ཐོག་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཉིས་སྟོང་བཅུ་དགུ་ལོ་དང་ཉིས་སྟོང་ཉེར་གིས་ལོར་སྔ་གཞུག་ཐེངས་གཉིས་ལ་སྤེལ་བའི་ཀྲུང་གོ་དང་དབྱི་ལིང་གི་མཚོ་ཐོག་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ནས་འཕེལ་རྒྱས་བྱུང་བ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ནན་ཉིང་རྟགས་ཅན་གྱི་འཕུར་མདའི་མཐར་སྐྲོད་གྲུ་གཟིངས་དམག་དོན་སྦྱོང་བརྡར་དེར་ཞུགས་པར་མངག་ཡོད་པ་དང་། གཙོ་བོ་བར་སྣང་གི་སྔོག་བཤེར་དང་མཚོ་ཐོག་གི་རྒུད་སྐྱོབ། མཚོ་ཐོག་གི་ཁ་བྲལ་སྒྲིག་ལུགས་སོགས་རྣམ་གྲངས་ཀྱི་སྦྱོང་བརྡར་ལ་ཞུགས་རྒྱུ་རེད། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་རྒྱལ་ཁབ་ཀྱི་མཚོ་དམག་གི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་མཉམ་དུ་མཚོ་ཐོག་བདེ་འཇགས་ལ་སྲུང་སྐྱོབ་དང་རྒྱ་མཚོའི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་རེ་འདུན་དང་ནུས་པ་མངོན་པར་བྱས་ནས། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ཐད་དྲང་ཕྱོགས་ནུས་ཚད་ཁ་གསབ་བྱེད་པར་ཕན་ཐོགས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།