རྒྱལ་ཁབ་མང་བོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་མཇུག་སྒྲིལ་བའི་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱས།
2023.03.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

རྒྱལ་ཁབ་མང་བོའི་མི་སྣས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཁྲོད་ནས་ཀྲུང་གོ་གོམ་སྟབས་ཆེན་པོས་བཞུད་ལམ་གསར་བར་བསྐྱོད་པ་དང་། འཛམ་གླིང་ཡོངས་ལ་གོ་སྐབས་གསར་བ་བསྐྲུན་པའི་ཆོད་སེམས་དང་ཡིད་ཆེས་མྱོང་ཐུབ་ལ། ཀྲུང་གོས་འཛམ་གླིང་དང་མཉམ་དུ་གཉིས་ཕན་མཉམ་རྒྱལ་དང་ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་འགན་འཁྲིའི་ཁག་ཁུར་ཡང་མྱོང་ཐུབ་ཟེར།

རྒྱལ་ཁབ་མང་བོའི་མི་སྣས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནང་། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། སྒོ་འབྱེད་རྣམ་པ་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་ལེན་དུ་བསྟར་བ། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་ལག་བསྟར་བྱས་ནས། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཐད་ཡིད་ཆེས་དང་སྒུལ་ཤུགས་ཁ་སྣོན་བྱེད་རྒྱུའི་ཚུལ་བསྟན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།