རྒྱལ་ཁབ་རེ་འགའི་མགོ་ཁྲིད་པས་བསྟུད་མར་གློག་འཕྲིན་བཏང་སྟེ། ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།
ཐེ་གོའི་རྒྱལ་བོ་ཝ་ཅི་ལཱ་ལུང་ཀུང་གིས་བསྟན་དོན། ཁྱེད་ཉིད་བསྟུད་མར་བདམས་ཐོན་བྱུང་བ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འཕེལ་རིམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན་པ་དང་། ཀྲུང་གོའི་མི་དམངས་ཀྱིས་ཁྱེད་ཉིད་ཀྱི་སྲིད་འཛིན་གྲུབ་འབྲས་ལ་ཁས་ལེན་དང་ཡིད་ཆེས་གང་ལེགས་བྱེད་པ་མཚོན་ཡོད། ཁྱེད་ཉིད་ཀྱི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོས་མུ་མཐུད་དུ་འཛམ་གླིང་གི་དཔལ་འབྱོར་ཚོགས་པ་དང་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གཙོ་བོའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ངེས་ཡིན། ཐེ་གོ་དང་ཀྲུང་གོ་ནི་མཛའ་མཐུན་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་བཟང་བོ་ཡིན། བདག་གིས་མུ་མཐུད་དུ་ཁྱེད་ཉིད་བར་འབྲེལ་འདྲིས་ཟབ་མོ་བྱས་ཤིང་། ལག་རྡང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་བསྐྲུན་བྱེད་འདོད་ཡོད་ཟེར།
ཁོང་གོ་ཅིན་གྱི་ཙུང་ཐུང་ཆི་སེ་ཁི་ཏིས་ཀྱིས་བསྟན་དོན། ཁྱེད་ཉིད་ཀྱིས་བསྟུད་འགན་ཁུར་བ་ལས་ཁྱེད་ཀྱི་ཕུལ་དུ་བྱུང་བའི་སྲིད་འཛིན་ནུས་པར་ཀྲུང་གོའི་མི་དམངས་ཀྱི་ཡིད་ཆེས་ཐོབ་ཡོད་པ་མཚོན་ཡོད། བདག་གིས་ཁྱེད་ཉིད་དང་མཉམ་དུ་སྒོ་འབྱེད་མཉམ་རྒྱལ་གྱི་སྙིང་སྟོབས་བཅངས་པ་དང་། ཁོང་གོ་ཅིན་དང་ཀྲུང་གོའི་དུས་རབས་ཕྱེད་ལྷག་གི་སྲོལ་རྒྱུན་མཛའ་བརྩེ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཛེས་སྡུག་གི་མ་འོངས་པ་མཉམ་བསྐྲུན་བྱེད་དགོས་ཟེར།
ཀ་ཕིན་གྱི་ཙུང་ཐུང་པང་ཀི་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནས་བཏོན་པའི་ཆོད་དོན་གལ་ཆེན་དག་གིས་ཀྲུང་གོའི་དེང་རབས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། ཀྲུང་གོའི་མི་དམངས་ལ་ཕན་བདེ་སྔར་ལས་ཆེན་པོ་བསྐྲུན་ཐུབ་པར་ཡིད་ཆེས་ཆེན་པོ་ཡོད། བདག་གིས་མུ་མཐུད་དུ་ཀ་ཕིན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཐོགས་འབྱུང་དུ་འཇུག་འདོད་ཡོད་ཟེར།
ཁོ་ཐེ་ཏི་ཝོར་གྱི་ཙུང་ཐུང་ཝ་ཐཱ་ལཱ་ཡིས་བསྟན་དོན། ཁྱེད་ཉིད་ཀྱིས་མུ་མཐུད་དུ་ཀྲུང་གོའི་མི་དམངས་ཀྱིས་ཁྱེད་ཉིད་ལ་བསྩལ་བའི་རླབས་ཆེ་ཞིང་གཟི་བརྗིད་ལྡན་པའི་འགན་འཁྲི་དེ་བདེ་བླག་ངང་ཡོངས་འགྲུབ་བྱས་ནས། ཀྲུང་གོའི་མགོ་ཁྲིད་དེ་ཀུན་གྱིས་ཡིད་སྨོན་བྱེད་པའི་འཕེལ་རྒྱས་གྲུབ་འབྲས་ལོན་ཐུབ་པར་ཡིད་ཆེས་ཡོད། ཁོ་ཐེ་ཏི་ཝོར་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བར་འཕེལ་རྒྱས་གོ་སྐབས་གསར་བ་ཐོབ་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཐན་ཙན་ནི་ཡཱའི་ཙུང་ཐུང་ཧཱ་སིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ཡང་བསྐྱར་བདམས་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ། བདག་གིས་མུ་མཐུད་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཐན་ཙན་ནི་ཡཱ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱེད་འདོད་ཡོད་ཟེར།
དམར་ཐིག་ཀུའེ་ནེ་ཡཱའི་ཙུང་ཐུང་ཨོ་པུས་ཨང་གིས་བསྟན་དོན། ཁྱེད་ཉིད་ཀྱིས་ཀྲུང་གོའི་ལོ་རྒྱུས་འཕེལ་རིམ་ལ་སྣེ་ཁྲིད་བྱེད་པའི་འགན་འཁྲི་གཙོ་བོའི་ནང་གྲུབ་འབྲས་གལ་ཆེན་ལོན་པའི་སྨོན་འདུན་ཞུ། དམར་ཐིག་ཀུའེ་ནེ་ཡཱ་ཡིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བར་ཤུགས་སྣོན་པར་འབད་འབུང་བྱེད་རྒྱུ་ཡིན་ཟེར།
ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་བསྟན་དོན། ཁྱེད་ཉིད་ཀྱིས་བདེ་བླག་ངང་ལས་འགན་ལག་བསྟར་བྱས་ཏེ་མཛའ་མཐུན་ལྡན་པའི་ཀྲུང་གོའི་མི་དམངས་ཀྱི་འཕེལ་རྒྱས་གོང་འཕེལ་ཐད་ཀྱི་རེ་འདུན་མངོན་འགྱུར་བྱེད་ཐུབ་པའི་སྨོན་འདུན་ཞུ། བདག་གིས་ཐུ་ནི་ཞི་ཡཱ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཀྱི་ཐུན་མོང་ཁེ་ཕན་ཇེ་དྲག་ཏུ་གཏོང་བར་རེ་སྒུག་བྱས་ཡོད་ཟེར།
ཧང་ག་རིའི་ཙུང་ལི་ཨིག་ཨར་པན་གྱིས་བསྟན་དོན། ཧང་ག་རི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བསྟུད་མར་ཇེ་ཟབ་ཏུ་གཏོང་བ་དེ་ཧང་ག་རི་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་འཚམ་པ་དང་། ཧང་ག་རིའི་ཕྱོགས་ཀྱིས་ཀྲུང་གོའི་ལངས་ཕྱོགས་ལ་གདེང་འཇོག་ཆེན་པོ་བྱེད་པ་དང་། ཀྲུང་གོ་དང་མཉམ་དུ་ཞི་བདེ་དང་འཕེལ་རྒྱས་ཐད་འབད་འབུངས་བྱས་ཤིང་། སྔར་བཞིན་དུ་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།
ཨེ་སེ་ཨོ་ཕི་ཡཱའི་ཙུང་ལི་ཨ་པུས་ཀྱིས་བསྟན་དོན། ཁྱེད་ཉིད་ཡང་བསྐྱར་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ། བདག་གིས་སྔར་ལས་ལྷག་པའི་སྒོ་ནས་ཨེ་ཙེ་ཨོ་ཕི་ཡཱ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱེད་པའི་ཐད་འབད་འབུངས་བྱེད་རྒྱུ་ཡིན་ཟེར།
ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྟེན་འབྲེལ་ཞུ་མཁན་ལ་ད་རུང་ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་དང་། ཨ་མན་གྱི་མགོ་ཁྲིད་པ་ཧེ་སེ་མུའུ། ཨེ་སོ་ནི་ཡཱའི་ཙུང་ཐུང་ཁཱ་ལི་སི། ཝ་ནི་ཨ་ཐུའུ་ཡི་ཙུང་ཐུང་ཝུའུ་ལོ་པཱ་ལཱ་ཝུའུ། ཁཱ་ཐར་གྱི་མགོ་ཁྲིད་པ་གཞོན་པ་ཨ་པུའུ་ཏུའུ་ལཱ། དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་པུའུ་ཏཱ་ཝེ། ཨུ་རུ་སིའི་དྲང་བདེན་ཨུ་རུ་སི་དང་རྒྱལ་གཅེས་མཁན། བདེན་པའི་ཆེད་དུ་ཞེས་པའི་ཏང་གི་ཀྲུའུ་ཞི་མུས་ལོ་ནོའུ་ཧྥུའུ། མའོ་ཨར་ཏའོ་ཝ་གུང་ཁྲན་ཏང་མིའི་ཏང་གི་ཀྲུའུ་ཞི་བོ་ལོ་ཉིང་། ཧང་ག་རིའི་བཟོ་བའི་ཏང་གི་ཀྲུའུ་ཞི་ཏིས་ཨར་མེད་ཨར་བཅས་ཡོད།
ཕྱི་རྒྱལ་གྱི་མགོ་ཁྲིད་པ་རེ་འགས་སོ་སོར་གློག་འཕྲིན་བཏང་སྟེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་ནས་རྒྱལ་ཡོང་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་ནས་བདམས་ཐོན་བྱུང་བའི་སྐབས་གསར་བའི་མགོ་ཁྲིད་པ་གཞན་པར་རྟེན་འབྲེལ་ཞུས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ལ་རྟེན་འབྲེལ་ཞུ་མཁན་ལ། མར་ཏའེ་ཝེའི་ཙུང་ཐུང་སཱ་ལེ་ཧི་དང་། ཁྲའོ་ཞན་སྲིད་འཛིན་ལས་ཁུངས་ཀྱི་ཙུང་ལི་ཅིན་ཏི་ཞོན། མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར། ཧན་གོའི་རྒྱལ་སྲིད་ཙུང་ལི་ཧན་ཏི་ཀྲོའུ། བྷང་ག་ལཱའི་ཙུང་ལི་ཧཱ་ཞི་ནཱ། ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་ཙུང་ལི་ཚབ་མ་ཨ་ཧོང་ཏི། ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་ནམ་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི། དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ། ཕཱ་ལེ་སི་ཐན་གྱི་ཙུང་ལི་ཨ་ཧྲི་ཐིས་ཡེ། ཨ་ཧྥེ་རི་ཁ་དབུས་མའི་ཙུང་ལི་མའོ་ལུའུ་ཝ། ཅིར་ཅི་སི་སི་ཐན་གྱི་སྲིད་འཛིན་ལས་ཁུངས་ཀྱི་ཙུང་ལི་ཨ་ཀྲ་ཕཱ་ལོ་ཧྥུའུ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལི་པའོ་ཧྥུའུ། ཀི་ལུའུ་ཅི་ཡཱའི་ཙུང་ལི་ཅཱ་ལི་པཱ་ཧྲི་ཝེ་ལེ། ཨན་ཐིས་བཀའ་དང་པཱ་པུའུ་ཏཱའི་ཙུང་ལི་པུའུ་ལིང་། འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི། ཧང་ག་རིའི་ཙུང་ལི་ཨིན་ཨར་པན། སེར་ཝེ་ཡཱའི་ཙུང་ལི་པུའུ་ཨར་ནཱ་པུས་ཆི། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀྲང་མེན་བཅས་ཡོད།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ལ་རྟེན་འབྲེལ་ཞུ་མཁན་ལ། ཨུ་རུ་སིའི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་བོ་ལོ་ཅིན་དང་། ཁྲའོ་ཞན་ཆེས་མཐོའི་མི་དམངས་གྲོས་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚོས་ལུང་ཧེ། ཕཱ་ཁི་སི་ཐན་གྲོས་ཞུགས་ཁང་གི་ཀྲུའུ་ཞི་སིང་ཅི་ལཱ་ནེ། མར་ཏའེ་ཝེ་ཡི་གྲོས་དཔོན་ནཱ་ཞི་ཏི། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཆེས་མཐོའི་གྲོས་ཁང་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ནཱ་ཨར་པཱ་ཡེ་ཝ། ཕཱ་ཁི་སི་ཐན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཐུའུ་ཧི། ཀི་ལིན་ནཱ་ཏཱའི་དམངས་གྲོས་ཁང་གི་གྲོས་དཔོན་ཁའེ་ཐའོ། ཨ་རབ་གྲོས་ཁང་གི་གྲོས་དཔོན་ཨིག་ཧྲུའུ་མུས་བཅས་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ལ་རྟེན་འབྲེལ་ཞུ་མཁན་ལ། སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་དང་། ཕཱ་ཁི་སི་ཐན་གྱི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་སིང་ཅི་ལཱ་ནེ། མར་ཏའེ་ཝེའི་གྲོས་དཔོན་ནཱ་ཞི་ཏི། ཁམ་ཕུ་ཀྲེའི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ཚབ་མ་ཞིན་ཁཱ། པུའུ་ལུང་ཏིས་ཀྱི་གྲོས་ཞུགས་གྲོས་དཔོན་ཞིན་ཙོ་ཧཱ་ཀའེ་ལཱ། ཨ་རབ་གྲོས་ཁང་གི་གྲོས་དཔོན་ཨིག་ཧྲུའུ་མུས་བཅས་ཡོད།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ལ་རྟེན་འབྲེལ་ཞུ་མཁན་ལ། ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་དང་། ཧན་གོའི་རྒྱལ་སྲིད་ཙུང་ལི་ཧན་ཏི་ཀྲོའུ། ཨུ་རུ་སི་དཀར་པོའི་ཙུང་ལི་གཞོན་པ་དང་པོ་སི་ནོའུ་ཕུའུ་ཁི་ཧྥུའུ། ཨེ་ཙེ་ཨོ་ཕུ་ཡཱའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཏི་མཱེ་ཁི་བཅས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།