ཀྲུང་གོ་དང་ཧང་ག་རིའི་སྙན་ངག་གྲོས་མོལ་ཞེས་པའི་བྱ་འགུལ་པུའུ་ཏཱ་ཕའེ་སི་ནས་སྤེལ།
2023.03.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

པུའུ་ཏཱ་ཕའེ་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་དང་པའེ་ཏའོ་ཧྥེ་རྩོམ་རིག་རྟེན་མཛོད་ཁང་གིས་མཉམ་དུ་སྤེལ་བའི་པའེ་ཏའོ་ཧྥེ་ནས་གླེང་ཞེས་པའི་ཀྲུང་གོ་དང་ཧང་ག་རིའི་སྙན་ངག་གྲོས་མོལ་ཞེས་པའི་བྱ་འགུལ་ཚེས་བཅུ་དྲུག་ཉིན་ཧང་ག་རིའི་རྒྱལ་ས་པུའུ་ཏཱ་ཕའེ་སི་ནས་སྤེལ།

ཧང་ག་རིའི་མིང་དུ་གྲགས་པའི་རྒྱའི་རིག་པ་བ། ལོ་ཙཱ་བ་ཙུང་པའོ་ལེ་ཁི་ལཱ་ལཱ་ཡིས་བྱ་འགུལ་དེ་མགོ་འཛིན་བྱས་པ་དང་། མིང་དུ་གྲགས་པའི་རྒྱའི་རིག་པ་བ། ཕཱ་ཙི་མཱ་ནེ་ཕིས་ཏི་གནམ་བདག་ཆོས་ལུགས་སློབ་ཆེན་རྒྱ་ཡིག་སྡེ་ཁག་གི་དགེ་རྒན་ཆི་པུའུ་ལའོ་སུའུ་ཧྲན་ནཱ་དང་། ཧང་ག་རིའི་རྩོམ་ཡིག་དང་སྤྱི་ཚོགས་ལོ་རྒྱུས་རིག་པ་བ། ཞིབ་འཇུག་པ་ཅི་མེད་ཞེ་ཨེ་མེད་ཞེ། རྩོམ་རིག་ལོ་ཙཱ་བ། པའེ་ཏའོ་ཧྥེ་ཞིབ་འཇུག་པ་ལིས་ཀྲིན་བཅས་གྲོས་མོལ་བྱ་འགུལ་ལ་ཞུགས།

གྲོས་མོལ་དེ་པའེ་ཏའོ་ཧྥེ་ཡིས་ལྕམ་མོ་ཡུག་ལེ་ཡཱ་ལ་བྲིས་པའི་བརྩེ་དུང་གི་སྙན་ངན་ནས་མགོ་བརྩམས་པ་དང་། པའེ་ཏའོ་ཧྥེ་དང་དེའི་སྙན་ངག་དེ་ཇི་ལྟར་ལུའུ་ཞོན་གྱི་ཤུགས་ཆེན་པོའི་སྐུལ་འདེད་འོག་ཀྲུང་གོའི་མི་དམངས་ལ་ཆ་རྒྱུས་བྱུང་བ་དང་། ཀྲུང་གོ་དང་ཧང་ག་རིའི་རྩོམ་རིག་གི་ཁྱད་པར། དེ་མིན་ཀྲུང་གོའི་སྙན་ངག་ལོ་ཙཱ་དང་ཞིབ་འཇུག་སོགས་ལ་འབྲེལ་ཡོད།

པུའུ་ཏཱ་ཕའེ་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རིན་ཅིན་ཧའོ་ཡིས་བསྟན་དོན། བྱ་འགུལ་དེ་དག་ལ་ས་དེའི་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད་པ་དང་། ས་དེའི་རིག་གནས་ལས་ཁུངས་ཀྱི་རྒྱབ་སྐྱོར་དང་གདེང་འཇོག་བཟང་བོའང་ཐོབ་ཡོད་ལ། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་བར་གྱི་རིག་གནས་ཁས་ལེན་དང་མཛའ་བརྩེ་ལ་སྐུལ་འདེད་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།