རྒྱལ་ཁབ་མང་བོའི་སྲིད་ཏང་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གྲོས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱས།
2023.03.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

རྒྱལ་ཁབ་མང་བོའི་སྲིད་ཏང་མི་སྣས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཁི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གྲོས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོ་གུང་ཁྲན་ཏང་གིས་ལག་རྡང་སྦྲེལ་ནས་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་སོ་སོའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་བར་ལག་རྡང་སྦྲེལ་ནས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་ཡོངས་ཀྱི་དར་རྒྱས་གོང་འཕེལ་ལ་ཡར་སྐུལ་བྱེད་པའི་རྣམ་དག་གི་སེམས་འདུན་བརྒྱུད་སྒྲོག་བྱས་ཡོད་ཟེར།

རྒྱལ་ཁབ་མང་བོའི་སྲིད་ཏང་མི་སྣས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལས་ཐོག་དང་པོར་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གྲོས་གཞི་བཏོན་ཡོད་པ་དང་། དུས་རབས་ཀྱི་རེ་བ་དང་བསྟུན་ཡོད་པས། གྲོས་གཞི་གསར་བ་དེས་སྣེ་མང་ཅན་གྱི་འཛམ་གླིང་འཛུགས་སྐྲུན་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཐུབ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།