ཧཱ་སག་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉི་ཤུ་ཉིན་ཧཱ་སག་སི་ཐན་གྱི་གྲོས་ཁང་ཞོལ་མའི་འདེམ་བསྐོའི་ཐོག་མའི་འདེམ་ཤོག་རྩིས་ལེན་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། བསྡོམས་པས་སྲིད་ཏང་དྲུག་ལ་གྲོས་ཁང་ཞོལ་མའི་ལས་གནས་ཐོབ་ཡོད།
ཧཱ་སག་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་པུའུ་ཅི་ལོ་ཧྥུའུ་ཡིས་ཚེས་ཉི་ཤུ་ཉིན་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཐོག་མའི་འདེམ་ཤོག་རྩིས་ལེན་གྱི་མཇུག་འབྲས་ལྟར་ན། བསྡོམས་པས་འདེམ་དམངས་ས་ཡ་དྲུག་དང་འབུམ་གསུམ་ཁྲི་དྲུག་ཙམ་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་ཡོད།
ཧཱ་སག་སི་ཐན་གྱི་སྲིད་འཛིན་ཏང་ཨ་མཱ་ནཱ་ཐི་ཏང་ལ་བརྒྱ་ཆའི་ང་གསུམ་དང་གྲངས་ཆུང་དགུའི་འདེམ་ཤོག་ཐོབ་ཡོད་པ་དང་། ཨ་བོ་ལེ་མི་དམངས་དམངས་གཙོ་རྒྱལ་གཅེས་ཏང་ལ་བརྒྱ་ཆའི་བཅུ་དང་གྲངས་ཆུང་དགུའི་འདེམ་ཤོག་ཐོབ་ཡོད། ཧཱ་སག་སི་ཐན་མི་དམངས་ཏང་སོགས་ཏང་ཁག་གཞན་པ་བཞི་ཡང་བརྒྱ་ཆའི་ལྔའི་འདེམ་བསྐོའི་མ་མཐོའི་ཚད་ཐིག་ལས་བརྒལ་ནས་གྲོས་ཁང་ཞོལ་མའི་ལས་གནས་ཐོབ་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།