ནེ་པཱ་ལཱའི་ཙུང་ལི་ཕུའུ་ལཱ་ཁྲང་ཏཱ་ལ་ཚེས་ཉི་ཤུ་ཉིན་ཡང་བསྐྱར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དམངས་གྲོས་ཁང་གི་ཡིད་ཆེས་འདེམ་ཤོག་ཐོབ། དེ་ནི་ཁོར་ད་ལོའི་ཚུན་ལ་ཐེངས་གཉིས་པར་དམངས་གྲོས་ཁང་གི་ཡིད་ཆེས་འདེམ་ཤོག་ཐོབ་པ་རེད།
ཉིན་དེར་བསྡོམས་པས་གྲོས་མི་ཉིས་བརྒྱ་དང་རེ་གཉིས་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས། ནེ་པཱ་ལཱའི་དམངས་གྲོས་ཁང་གི་གྲོས་དཔོན་ཅི་མུས་ལོས་ཀྱིས་ཁྱབ་བསྒྲགས་བྱས་དོན། ཕུའུ་ལཱ་ཁྲང་ཏཱ་ལ་འདེམ་ཤོག་བརྒྱ་དང་དོན་གཉིས་ཀྱི་རྒྱབ་སྐྱོར་ཐོབ་ནས་ཡིད་ཆེས་འདེམ་ཤོག་ཐོབ་པ་རེད་ཟེར།
ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པར། ཕུའུ་ལཱ་ཁྲང་ཏཱ་ཡིད་དམ་བཅའ་བཞག་སྟེ་སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལིའི་འགན་ཁུར། ནེ་པཱ་ལཱའི་རྩ་ཁྲིམས་ལྟར་ན། ཕུའུ་ལཱ་ཁྲང་ཏཱ་ལ་ལས་འགན་ཁུར་རྗེས་ཀྱི་ཉིན་སུམ་ཅུའི་ནང་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དམངས་གྲོས་ཁང་གི་ཡིད་ཆེས་འདེམ་ཤོག་ཐོབ་དགོས་པ་རེད། ད་ལོའི་ཟླ་དང་པོའི་ཚེས་བཅུ་ཉིན། ཕུའུ་ལཱ་ཁྲང་ཏཱ་ལ་དམངས་གྲོས་ཁང་ནས་ཡིད་ཆེས་འདེམ་ཤོག་ཐོབ་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།