ཨ་མེ་རི་ཁའི་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་གྲོས་མིས་ཨ་མེ་རི་ཁའི་འཐབ་འཁྲུག་འཕྲུལ་ཆས་ཀྱིས་འཛམ་གླིང་ཡོངས་ལ་གནོད་པ་བཟོས་ཡོད་པའི་ཚུལ་བསྟན།
2023.03.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 57

ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་ཚོགས་ཀྱི་གྲོས་མི་ཁུའུ་ཞི་ནེ་ཁི་ཡིས་ཉེ་སྔོན་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་ནས་འཐབ་འཁྲུག་འཕྲུལ་ཆས་ལ་ངོ་རྒོལ་བྱེད་པའི་ངོ་རྒོལ་བྱ་འགུལ་སྟེང་གཏམ་བཤད་སྤེལ་ཏེ། ད་ལྟའི་སྲིད་གཞུང་གི་དམག་དོན་དང་ཕྱི་འབྲེལ་སྲིད་ཇུས་ལ་སྐྱོན་འཛུགས་བྱས་པ་དང་། ཁོས་ཨ་མེ་རི་ཁའི་སྲིད་གཞུང་གིས་ཚད་གཞི་ཟུང་ལྡན་བཟུང་ནས། ཕྱོགས་གཅིག་ནས་ཀྲུང་གོའི་མ་ཉེས་ཁ་གཡོག་བྱེད་པ་དང་ཕྱོགས་གཅིག་ནས་ཀྲུང་གོའི་ཉེ་འཁོར་དུ་དམག་དོན་རྟེན་གཞི་ཉིས་བརྒྱ་བཙུགས་ཡོད་པར་སྐྱོན་བརྗོད་བྱས།

ཁོས་བསྟན་དོན། དབུགས་ལྒང་དོན་རྐྱེན་གྱིས་ཀྱང་ཨ་མེ་རི་ཁའི་རྒྱལ་ནང་གི་མང་ཚོགས་ཀྱི་སེམས་ཤུགས་གཞན་ལ་བསྒྱུར་ཐབས་མེད་ཟེར།

ཁུའུ་ཞིན་ནེ་ཁི་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་རྒྱལ་ནང་གི་འགལ་བ་ཐག་གཅོད་བྱེད་པའི་ནུས་པ་མེད་ལ། ལྷག་བསམ་རྣམ་དག་གི་ཕྱི་འབྲེལ་བྱེད་ཐབས་ལ་བརྟེན་ནས་དྲག་ཤུགས་འཁྲུག་རྩོད་སྔོན་འགོག་བྱེད་འདོད་ཀྱང་མེད། དོན་དངོས་སུ་དེས་ཞི་བའི་ཐབས་ལ་བརྟེན་ནས་འཁྲུག་རྩོད་མཇུག་སྒྲིལ་དུ་འཇུག་འདོད་གཏན་ནས་མེད་ཟེར།

ཁོས་སྔར་ལས་དབྱེ་ཞིབ་བྱས་ཏེ་བཤད་རྒྱུར། ཨ་མེ་རི་ཁ་སྔོན་ཆད་རྣོ་ལྕགས་དང་རླངས་འཁོར། གྲུ་གཟིངས་སོགས་ལས་རིགས་ཁྱབ་ཁོངས་ནས་འཛམ་གླིང་གི་ཆེས་སྔོན་ཐོན་གྱི་གྲས་ཡིན་ཡང་། ད་ལྟ་ག་ས་གང་དགྲ་རུ་བཟུང་ཡོད་ཟེར།

ཁུའུ་ཞིན་ནེ་ཁི་ཡིས་བལྟས་ན། ཨ་མེ་རི་ཁས་འཐབ་འཁྲུག་ནག་ཉེས་བྱ་སྤྱོད་བཟོས་ཏེ། འཛམ་གླིང་གི་ཞི་བདེ་ལ་འཇིགས་ཉེན་བཟོས་པ་དང་རང་སྟེང་གི་གཏན་འཇགས་ལའང་གཏོར་བརླག་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།