ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་བཤད་རྒྱུར། ས་དེའི་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་པཱ་ཏཱ་ཧི་ཧྲང་ཞིང་ཆེན་དུ་ས་ཡོམ་དྲག་པོ་བྱུང་། མིག་སྔར་ས་ཡོམ་དེ་ལས་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགར་རྨས་ཕོག་ཡོད། གཞན་ཡང་ཀྲུང་གོའི་ས་ཡོམ་བརྟག་དཔྱད་དྲ་ཚིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་ཧྥུའུ་ཧན་གྱི་ཐེངས་འདིའི་ས་ཡོམ་ཚད་རིམ་དྲུག་དང་གྲངས་ཆུང་དགུ་ཡིན་པ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་ཉིས་བརྒྱ་དང་སུམ་ཅུ་ཡོད་ཟེར། དེ་ལས་གཞན་ཨ་ཧྥུའུ་ཧན་བྱང་ཕྱོགས་ས་ཁུལ་གྱི་ས་ཡོམ་དེར་ཕཱ་ཁི་སི་ཐན་དང་ཐཱ་ཅི་ཁི་སི་ཐན་སོགས་རྒྱལ་ཁབ་སྐོར་ཞིག་ཏུ་ཚོར་སྣང་དྲག་པོ་ཡོད་ལ། ས་ཡོམ་དེ་ལས་ཕཱ་ཁི་སི་ཐན་ནས་མི་དགུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།