ཨ་ཀིན་ཐིན་གྱི་ནུབ་བྱང་ཕྱོགས་ཀྱི་ཧུའུ་ཧུའུ་དབྱེ་ཞིང་ཆེན་དུ་ཚེས་ཉེར་གཉིས་ཉིན་ཚད་རིམ་དྲུག་དང་གྲངས་ཆུང་བཞིའི་ས་ཡོམ་བྱུང་བ་དང་། མིག་སྔར་མི་སྣར་ཤི་རྨས་བྱུང་བ་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།
ཨ་ཀིན་ཐིན་རྒྱལ་ཁབ་ས་ཡོམ་སྔོན་ལྟེ་གནས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ས་ཡོམ་དེ་ས་དེའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་སྟེང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་དེ་ཧུའུ་ཧུའུ་དབྱེ་ཞིང་ཆེན་གྱི་སུའུ་སི་ཁི་སི་གྲོང་ཁྱེར་ནུབ་ངོས་ཀྱི་སྤྱི་ལེ་སོ་གཉིས་མཚམས་ཡིན་ལ། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་ཉིས་བརྒྱ་དང་སོ་གསུམ་ཡོད་ཟེར།
ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ཡིས་ཚད་འཇལ་བྱས་པ་ལྟར་ན་ཐེངས་འདིའི་ས་ཡོམ་གྱི་ཚད་རིམ་དྲུག་དང་གྲངས་ཆུང་ལྔ་ཡིན་ལ། ས་ཡོམ་གྱི་གཏིང་ཚད་སྤྱི་ལེ་ཉིས་བརྒྱ་དང་བཅུ་རེད་ཟེར།
ཨ་ཀིན་ཐིན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ས་ཡོམ་བྱུང་ས་གཙོ་བོའི་ས་ཁུལ་དུ་མི་གྲངས་ཅུང་ཉུང་བ་དང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།